9402

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྃ་ཡྃ་ཁྃ
Tibetan Definition (རྙིང་མ) མ་དག་པའི་ཉེས་སྤྱོད་རྣམས་བསྲེགས་སྦྱང་གཏོར་གསུམ་བྱེད་པའི་དོན་ནོ། །འདི་དགེ་ལྡན་སོགས་ཀྱི་ཨྃ་ཨཿཧཱུྃ་གི་དོད་ལྟ་བུ་ཡིན། དེའི་ཚུལ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་ཡི་གེ་རྃ་ཡྃ་ཁྃ་རྣམས་འཕྲོས་པས་ཚོགས་རྫས་སམ་མཆོད་རྫས་ཀྱི་མ་དག་པའི་ཉེས་སྤྱོད་རྣམས་རྃ་ལས་མེ་འབར་བས་བསྲེགས། ཁྃ་ལས་ཆུ་བྱུང་སྟེ་སྦྱངས། ཡྃ་ལས་རླུང་བྱུང་བས་གཏོར་ཏེ་སྟོངས་པར་བསམ་པའོ། །རིག་འཛིན་འདུས་པའི་ཟིན་བྲིས་རིག་འཛིན་ཞལ་ལུང་ལ་གཞི་བྱས་ཏེ་བཀོད། སེ་ར་བྱེས་པའི་རྟ་མགྲིན་བསྐང་གསོའི་ཆོ་གའི་ནང་ཡང་ཐ་སྙད་དེ་རང་འབྱུང༌།