9419

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐུ་ཐབས་སུ་གནས་པ
Tibetan Definition (འདུལ་བ) 1 བསྙེན་རྫོགས་ཀྱི་སྡོམ་པ་སྐྱེ་བའི་བར་ཆད་ཅིག་སྟེ། བདག་ཉིད་བསྙེན་པར་མ་རྫོགས་པའམ་རྫོགས་ཀྱང་མ་ཆགས་པ་ཉིད་དུ་ཤེས་ལ། ལན་གཉིས་སུ་དགེ་འདུན་དང་ལྷན་ཅིག་འདུལ་བའི་ལས་ཉམས་སུ་མྱོང་བ་གང་ཡིན་པའོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་ཀྱང་། རྐུ་ཐབས་སུ་གནས་པ་ནི་འདིར་རང་གིས་རྟགས་བླངས་པ་སྡོམ་པ་མ་ཐོབ་པའོ། །ཞེས་གསུངས། འདུལ་བ་ལུང་གཞི་༼ ཀ ༽ལས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གང་ཟག་རྐུ་ཐབས་སུ་གནས་བ་ནི་ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཡིན་པས། དགེ་སློང་དག་ཁྱེད་ཀྱིས་གང་ཟག་རྐུ་ཐབས་སུ་གནས་པ་ཆོས་འདུལ་བ་འདི་ལས་བསྙིལ་བར་བྱའོ། །འགའ་ཞིག་གི་གན་དུ་རབ་ཏུ་འབྱུང་བར་འདོད་པ་འོངས་ན། དེས་དེ་ལ་རྐུ་ཐབས་སུ་གནས་པ་མ་ཡིན་ནམ་ཞེས་དྲི་བར་བྱའོ། །མ་དྲིས་པར་རབ་ཏུ་འབྱིན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་གང་ཟག་རྐུ་ཐབས་སུ་གནས་པ་བསྙིལ་བར་བྱའོ་ཞེས་བཀའ་སྩལ་ན། བཙུན་པ་ཇི་ཙམ་གྱིས་ན་གང་ཟག་རྐུ་ཐབས་སུ་གནས་པ་ལགས། ཉེ་བ་འཁོར་གང་ཚུན་ཆད་ནས་དགེ་སློང་རང་བཞིན་དུ་གནས་པ་དག་དང་ལྷན་ཅིག་གསོ་སྦྱོང་གི་ལས་དག་ལན་གཉིས་སམ་གསུམ་དུ་ཉམས་སུ་མྱོང་བར་གྱུར་ན་དེ་ཙམ་གྱིས་ན་གང་ཟག་རྐུ་ཐབས་སུ་གནས་པ་ཡིན་ནོ། །ཞེས་གསུངས། རྣམ་འབྱེད་འགྲེལ་༼ ཚུ ༽༢༥ན༦ལས། རྐུ་ཐབས་སུ་གནས་པ་ཞེས་བྱ་བ་ནི་ཡང་དག་པའི་ལྟ་བ་དང་ལྡན་དུ་ཟིན་ཀྱང་རྫོགས་པར་མ་བསྙེན་པའམ། རྫོགས་པར་བསྙེན་པ་ཉམས་པ་རྫོགས་པ་བསྙེན་པ་མ་ཡིན་པར་འདུ་ཤེས་བཞིན་དུ་ལས་ལན་གསུམ་ཉམས་སུ་མྱོང་བ་གང་ཡིན་པའོ། །ཞེས་གསུངས་སོ། །ཡང་༢༣ན༢ལས་ཀྱང་། རྐུ་ཐབས་སུ་གནས་ཤིང་ཞེས་བྱ་བ་ནི་རྐུན་པོ་ལྟ་བུར་ཆོས་ཀྱི་ལོངས་སྤྱོད་བྱེད་པའོ། །ཞེས་གསུངས་སོ། ། 2 ཕྱི་རོལ་པ་ནང་པའི་ཉམས་ཚོད་ལེན་པའི་ཕྱིར། ནང་པའི་རབ་བྱུང་དུ་བརྫུས་ཏེ་གནས་པའོ། །