9436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐྱལ་པ
Tibetan Definition དུད་འགྲོའི་པགས་པས་བཟོས་པའི་ཁུག་སྣོད། སྒྲ་བཤད་ནི། འདི་ལ་རྐྱལ་པ་ཞེས་མིང་ཐོགས་ཚུལ་ནི། སྔ་མོ་བོད་སོགས་སུ་ར་ལྤགས་སྦུབས་བཤུས་ཀྱི་མཐའ་ནས་འཚེམས་ཏེ་ཕུ་བརྒྱབ་ནས་ཆུ་རྐྱལ་བའམ་རྒལ་བའི་ཐབས་སུ་བེད་སྤྱོད་བྱེད་པས་ན་རྐྱལ་པ་ཞེས་ཟེར་ཏེ། ལུང་ཕྲན་ཚེགས་ལས། རྐྱལ་པ་ནི་ར་ལྤགས་ལས་བསྒྲུབས་པའི་ཆུ་རྒལ་བའི་ཐབས་སུ་གྱུར་པའོ། །ཞེས་གསུངས་སོ། །