From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རྐྱེན་ཉིད་འདི་པ་ཙམ
|
| Tibetan Definition
|
རང་ངོས་ནས་མ་གྲུབ་པར་རང་གི་རྒྱུ་རྐྱེན་འདི་ཉིད་ཙམ་ལ་བརྟེན་ནས་བྱུང་བའི་ཆོས་ཞེས་པའི་དོན་ཡིན། ཚིག་དེའི་ཐད་ཀའི་གོ་དོན་ནི། རྐྱེན་འདི་ཙམ་ཞེས་པའི་དོན་ནོ། །དཔལ་ལྡན་ཟླ་བའི་འཇུག་པ་རང་འགྲེལ་ལས། དེ་ལྟར་རྐྱེན་ཉིད་འདི་པ་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྐྱེན་འདི་ཉིད་འདི་པ་ཙམ་གྱིས་ཞེས་བྱ་བ་ནི་འདི་ཡོད་པས་ན་འདི་འབྱུང་ངོ་ཞེས་བྱ་བ་འདི་ཙམ་གྱིས་སོ། །ཞེས་གསུངས། བརྟེན་ནས་བཏགས་པ་ཙམ། རྟོག་པས་བཏགས་ཙམ། བཏགས་པ་ཙམ། ལྟོས་ནས་གྲུབ་པ་རྣམས་དོན་འདྲ། སྤྱིར་བཏང་རྟེན་འབྲེལ་གྱི་མིང་གི་རྣམ་གྲངས་ལ། རྟེན་ནས་འབྱུང་བ། བརྟེན་ནས་སྐྱེས་པ། རྐྱེན་ལས་སྐྱེས་པ། བརྟེན་ནས་གྲུབ་པ། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་སོ། །སྒོ་མང་གི་གྲུབ་མཐའ་ཆེན་མོའི་མཆན་འགྲེལ་༼ ཅ ༽ལས། རྐྱེན་ཉིད་འདི་པ་ཙམ་ནི་འདུས་བྱས་ཀྱི་རྟེན་འབྱུང་གི་མིང་ཡིན་ལ། རྒྱུ་འབྲས་བུ་ལ་ལྟོས་པ་ནི་ཐལ་འགྱུར་བ་ཁོ་ནས་འདོད་ཅིང་། འབྲས་བུ་རྒྱུ་ལ་ལྟོས་པ་ནི་ནང་པའི་གྲུབ་མཐའ་སྨྲ་བ་ཀུན་གྱིས་འདོད་པར་བཤད་དོ། །ཞེས་གསུངས།
|