9443

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྐྱེན་བཞི་ལས་སྐྱེ་ཚུལ
Tibetan Definition བྱང་ཆུབ་ཀྱི་སེམས་གློ་བུར་གྱི་རྐྱེན་བཞི་ལས་སྐྱེ་ཚུལ་ནི། སངས་རྒྱས་ཀྱི་ཆོ་འཕྲུལ་ངོ་མཚར་བ་མཐོང་ཞིང་ཐོས་ནས་སེམས་བསྐྱེད་པ། སངས་རྒྱས་ཀྱི་ཡོན་ཏན་ཐོས་ནས་སེམས་བསྐྱེད་པ། ཐེག་ཆེན་གྱི་བསྟན་པ་ནུབ་པ་ལ་མ་བཟོད་ནས་སེམས་བསྐྱེད་པ། སེམས་དེ་དཀོན་པར་མཐོང་ནས་སེམས་བསྐྱེད་པ་དང་བཞིའོ། །དེ་ནི་ལམ་རིམ་དུ་བྱང་ཆུབ་ཀྱི་སེམས་སྐྱེ་ཚུལ་ལ། རྐྱེན་བཞི་ལས་སྐྱེ་ཚུལ། རྒྱུ་བཞི་ལས་སྐྱེ་ཚུལ། སྟོབས་བཞི་ལས་སྐྱེ་ཚུལ་དང་གསུམ་གསུངས་པའི་ཡ་གྱལ་ལོ། །