From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རྒོད་པ
|
| Tibetan Definition
|
2 ཡུལ་ཡིད་འོང་སོགས་ལ་འཕྲོ་ཞིང་རྒྱུག་པར་བྱེད་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་བྱུང་ངོ་། །ཞེས་རྗེའི་གསུང་མཁས་གྲུབ་ཆོས་རྗེས་ཟིན་བྲིས་སུ་བཏབ་པ་ལས་གསུངས། སྤྱིར་བཏང་། རྒོད་པ་ཞེས་པ་ནི། མ་ཐུལ་བ། མ་དུལ་བ། རྩིང་པོ། ཧྲང་བ། རེངས་པ་བཅས་ཀྱི་དོན་ཡིན། དཔེར་ན་རྟ་རྒོད། མི་རྒོད། གཡག་རྒོད་ཅེས་པ་ལྟ་བུ། རང་གི་རྣམ་བཤད་ལས། རྒོད་པ་ནི་ཉེ་བར་མ་ཞི་བའོ། །ཞེས་གསུངས། ཉེ་ཉོན་ཉི་ཤུའི་བཅུ་བཞི་པ་ནི། འདོད་ཆགས་ཀྱི་ཆར་གཏོགས་གང་ཞིག སྔར་རྒོད་རྒོད་པ་དང་། རྩེ་རྩེ་བ་ལ་སོགས་པའི་ཡུལ་དྲན་པའི་སྒོ་ནས་དེ་ལ་སེམས་རྣམ་པར་འཕྲོ་བར་བྱེད་པས་རབ་ཏུ་ཕྱེ་བའི་རིག་པའོ། །བྱེད་ལས་ནི། བྱིང་རྒོད་དང་བྲལ་བའི་ཞི་གནས་སྐྱེ་བ་ལ་བར་ཆད་བྱེད་པའི་ལས་ཅན་ནོ། །ཀུན་བཏུས་ལམ་རིམ་དུ་དྲངས་པ་ལས། རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ་ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར་རོ། །
|