9466

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒོད་མ་ཁ
Tibetan Definition ཚ་ངར་ཤིན་ཏུ་ཆེ་བའི་ཁྲོ་ཆུ་འཁོལ་བའི་མེ་གང་དུ་ཡོད་སའི་རྟ་རྒོད་མའི་ཁའམ། རྟ་རྒོད་མའི་གདོང་འདྲ་བའི་རི་དེ་ལ་ཟེར། དབྱིན་སྐད་དུ་Volcano ཟེར་བ་དེའོ། །རྗེ་གུང་ཐང་པའི་ཆུ་ཤིང་གི་བསྟན་བཅོས་ལས། རྒྱལ་ངན་འབངས་ཀྱི་ཟས་ནོར་ཀུན། །ཕྲོགས་ཀྱང་ད་དུང་ལྟོགས་ཤིང་བཀྲེན། །རྒོད་མ་ཁ་ཡིས་རྒྱ་མཚོའི་ཆུ། །འཐུང་གིན་རྟག་ཏུ་འབར་དང་མཚུངས། །ཞེས་གསུངས་པ་ལྟ་བུ།