9476

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ཆེན་སྤྱོད་བརྒྱུད
Tibetan Definition ལམ་རིམ་གྱི་བླ་བརྒྱུད་ཅིག་སྟེ། རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་གཡས་ཕྱོགས་སུ་སྤྲོས་པའི་རྩེ་མོ་རྒྱ་ཇེ་ཆེར་སོང་བའི་སྟེང་དུ། སྟོན་པ་བཅོམ་ལྡན་འདས། རྒྱལ་ཚབ་མི་ཕམ་མགོན་པོ། འཕགས་པ་ཐོགས་མེད། དབྱིག་གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་རྣམ་གྲོལ་སྡེ་སོགས་སོ། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་སྡེ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །དེ་ཡང་རྗེ་ཙོང་ཁ་པ་ཆེན་པོའི་ལམ་རིམ་གསོལ་འདེབས་ལམ་མཆོག་སྒོ་འབྱེད་ལས། འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །རྒྱལ་ཚབ་དམ་པ་རྗེ་བཙུན་མི་ཕམ་མགོན། །རྒྱལ་བས་ལུང་བསྟན་འཕགས་པ་ཐོགས་མེད་ཞབས། །སངས་རྒྱས་བྱང་སེམས་གསུམ་ལ་གསུམ་ལ་གསོལ་བ་འདེབས། །ཞེས་སོགས་ནས། སྙིགས་དུས་འགྲོ་བ་འདྲེན་པའི་བཤེས་གཉེན་མཆོག །ནམ་མཁའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །ཞེས་པའི་བར་རོ། །