9478

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ཆེར་རོལ་པའི་མདོ
Tibetan Definition <ལལིཏ་བིསྟཱར་སུ་ཏྲ> རྒྱ་ཆེར་རོལ་པའི་མདོ་ནི་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་བརྗོད་བྱར་བྱེད་པའི་ལེའུ་ཉི་ཤུ་རྩ་བདུན་གྱི་བདག་ཉིད་ཅན་གྱི་མདོ་ཞིག་སྟེ། དང་པོ་གླེང་གཞིའི་ལེའུ། གཉིས་པ་ཡང་དག་པར་སྤྲོ་བར་བྱ་བའི་ལེའུ། གསུམ་པ་རིགས་ཡོངས་སུ་དག་པའི་ལེའུ། བཞི་པ་ཆོས་སྣང་བའི་སྒོའི་ལེའུ། ལྔ་པ་བསྐྱོད་པར་བརྩམས་པའི་ལེའུ། དྲུག་པ་ལྷུམས་སུ་འཇུག་པའི་ལེའུ། བདུན་པ་བལྟམས་པའི་ལེའུ། བརྒྱད་པ་ལྷ་ཁང་དུ་ཁྱེར་པའི་ལེའུ། དགུ་པ་རྒྱན་གྱི་ལེའུ། བཅུ་པ་ཡི་གེ་བསྟན་པའི་ལེའུ། བཅུ་གཅིག་པ་ཞིང་པའི་གྲོང་གི་ལེའུ། བཅུ་གཉིས་པ་སྒྱུ་རྩལ་བསྟན་པའི་ལེའུ། བཅུ་གསུམ་པ་བསྐུལ་བའི་ལེའུ། བཅུ་བཞི་པ་རྨི་ལམ་གྱི་ལེའུ། བཅོ་ལྔ་པ་མངོན་པར་འབྱུང་བའི་ལེའུ། བཅུ་དྲུག་པ་གཟུགས་ཅན་སྙིང་པོ་འོངས་པའི་ལེའུ། བཅུ་བདུན་པ་དཀའ་བ་སྤྱད་པའི་ལེའུ། བཅོ་བརྒྱད་པ་ནཻ་རཉྫ་ནའི་ལེའུ། བཅུ་དགུ་པ་བྱང་ཆུབ་ཀྱི་སྙིང་བོར་བཞུད་པའི་ལེའུ། ཉི་ཤུ་པ་བྱང་ཆུབ་ཀྱི་སྙིང་པོར་བཀོད་པའི་ལེའུ། ཉེར་གཅིག་པ་བདུད་བཏུལ་བའི་ལེའུ། ཉེར་གཉིས་པ་མངོན་པར་རྫོགས་པར་བྱང་ཆུབ་པའི་ལེའུ། ཉེར་གསུམ་པ་མངོན་པར་བསྟོད་པའི་ལེའུ། ཉེར་བཞི་པ་བཟང་པོའི་ལེའུ། ཉེར་ལྔ་པ་བསྐུལ་བའི་ལེའུ། ཉེར་དྲུག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ། ཉེར་བདུན་པ་མཇུག་སྡུད་པའི་ལེའུ་སྟེ་ཐ་མའོ། །མདོ་སྡེ་༼ ཁ ༽པའི་ནང་བཞུགས།