From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱ་བཟའ་ཀོང་ཇོ
|
Tibetan Definition
|
ཆོས་རྒྱལ་སྲོང་བཙན་སྒམ་པོ་ལ་རྒྱ་བཟའ་དང་བལ་བཟའ། བོད་པའི་བཙུན་མོ་གསུམ་སྟེ་བཙུན་མོ་ལྔ་ཡོད་པའི་ནང་ནས་གཅིག་སྟེ། Wen Ch’eng ཝན་ཆིང་ཀོང་ཇོ་དང་། བོད་སྐད་དུ་བསྒྱུར་ན་ཆུ་ནང་གི་པདྨོ་ཞེས་བྱའོ། །ད་ལྟའི་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་བདག་ཅག་གི་སྟོན་པ་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་རྒྱལ་བ་རང་ཉིད་བཞུགས་པ་དང་ཁྱད་པར་མེད་པའི་ཇོ་བོ་རིན་པོ་ཆེ་གདན་དྲངས། ལྷ་སའི་ར་མོ་ཆེ་བཞེངས། དེ་ཉིད་རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་དུ་གྲགས་ཤིང་། འཕགས་པའི་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་པའི་སྦྱིན་བདག་རྒྱ་ནག་གི་རྒྱལ་པོ་ཐལ་ཇུའི་སྲས་མོ་ཡིན།
|