From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀཱ་ར་ཝཱི་རའི་མེ་ཏོག
|
Tibetan Definition
|
1 (འདུལ་བ) ལྟས་ངན་པར་བརྩི་བའི་མེ་ཏོག་དམར་པོ་ཞིག་གི་མིང་། དེ་རྒྱ་གར་ན་རོ་མཆོད་པའི་མེ་ཏོག་དང་རྒྱལ་པོས་གསོད་པ་ན་དེའི་ཕྲེང་བ་མགུལ་བར་འཆིང་བས་གསོད་རྟགས་ཞེས་བྱ་ལ་དེའི་ཕྱིར་མེ་ཏོག་དེའི་ཕྲེང་བ་འཛིན་པ་སོགས་རྨིས་ན་འཆི་ལྟས་སུ་བཤད། འདུལ་བ་ལུང་གཞི་༼ ག་པ ༽ལས། རབ་ཏུ་བྱུང་བ་འདི་ངས་སྤངས་ཀྱིས་དེང་ལ་སོད་ཅིག དེ་ནས་དེའི་མགུལ་བར་མེ་ཏོག་ཀ་ར་བཱི་རའི་ཕྲེང་བས་བཏགས་ནས་གཤེད་མ་གོས་སྔོན་པོ་གྱོན་པ་མཚོན་ཐོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་ལམ་པོ་ཆེ་དང་། ཚོང་འདུས་དང་། བཞི་མདོ་དང་། སུམ་མདོ་རྣམས་སུ་བསྒྲགས་ཏེ། གྲོང་ཁྱེར་ནས་སྐྱེད་མོས་ཚལ་ལོགས་སུ་ཁྲིད་དོ། །ཞེས་གསུངས་པ་ལྟར་རོ། །
|