9506

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་ཤུག་གི་འབྲུ
Tibetan Definition <བདར་ཕ་ལཾ> 1 འདི་རྒྱ་ཤུག་གི་ཚི་གུའམ་ཤུག་ཏོག་ལ་གོ་རྒྱུ་མིན་པར་ཤིང་ཏོག་ “ཆི་བི་ཁའམ། རྒྱ་གར་བས “བ་དར་ཕལ” ཞེས་པའི་ཤིང་ཏོག་ཆུང་ངུའི་རྡོག་པོ་དང་། ཕྱི་རྒྱལ་བས་Jujube fruit ཟེར་བ་དེའི་རྡོག་པོ་ལ་གོ་དགོས་སོ། །སྔོན་སྟོན་པས་ལོ་དྲུག་དཀའ་བ་སྤྱོད་ཚེ་ཉིན་རེར་རྒྱ་ཤུག་གི་འབྲུ་རེ་བཟས་ཞེས་པ་ཡང་ཤིང་ཏོག་འདི་ཀའི་རྡོག་པོ་ (སྐམ་པོ) རེ་མཆོད་ཟེར་བའི་དོན་གྱི་ཤུག་ཏོག་བཟས་པས་དོན་མིན་པར། དགེ་འདུན་ཆོས་འཕེལ་གསུང་བ་ལྟར་དོན་ལའང་གནས་སོ། །རྒྱ་ཤུག་གི་འབྲུའི་སྐད་དོད་བདར་ཕ་ལཾ་ཞེས་པ་བྱེ་བྲག་རྟོགས་བྱེད་ཆེན་པོ་༨༤བ༣ན་གསལ།  2 རྒྱ་ཤུག་གི་རུས་པའི་ནང་གི་འབྲུའམ་སོན་ལ་ཟེར།  3 རྒྱ་ཤུག་ལ་ཆགས་པའི་འབྲུ་རྡོག ཤུག་ཏོག རྒྱ་ཤུག་གི་འབྲུ། རྒྱ་ཤུག་གི་འབྲུ་རྡོག་རྣམས་དོན་གཅིག