9515

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱ་སྐད
Tibetan Definition 2 རྒྱ་ནག་གི་སྐད། འགའ་ཞིག་གིས་རྒྱ་ནག་གི་སྐད་ལ་རྒྱ་སྐད་ཅེས་སྨྲ་བ་འདི་འཁྲུལ་གཞི་ཆེ་བས། རྒྱ་ནག་གི་སྐད་ལ་རྒྱའི་སྐད་ཅེས་བརྗོད་ན་ཅུང་ཟད་ལེགས་པར་སེམས། གནའ་གཞུང་དུ་རྒྱ་སྐད་ཅེས་པ་རྒྱ་གར་གྱི་སྐད་ལ་གོ་བ་ཤས་ཆེ་ནའང་། ཕྱིས་བོད་རྒྱ་མིས་བཙན་བཟུང་བྱས་པའི་རྗེས་སུ་གཞིས་ལུས་བོད་མིའི་ཁྲོད་དུ་རྒྱ་སྐད་ཅེས་པ་རྒྱ་མིའི་སྐད་ལ་བརྗོད་པ་དང་། བཙན་བྱོལ་གྱི་བོད་མིའི་ཁྲོད་དུ་རྒྱ་སྐད་ཅེས་པ་རྒྱ་གར་གྱི་སྐད་ལ་བརྗོད་པ་ཤས་ཆེ་བ་སོགས། སྨྲ་བ་པོ་ཡུལ་གང་དུ་ཡོད་མེད་ལ་རག་ལས་སོ། །