9521

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱགས་པ
Tibetan Definition 4 རང་གི་ཡོན་ཏན་ལ་དམིགས་ནས་ཁེངས་སེམས་བསྐྱེད་པ་ལ་ཟེར། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། རྒྱགས་པ་ཞེས་བྱ་བ་ནི་རང་གི་ཡོན་ཏན་ལ་ལྟོས་པས་ཁེངས་པར་བྱེད་པའོ། །ཞེས་གསུངས། ཡང་། ཉེ་ཉོན་ཉི་ཤུའི་དགུ་པ་རྒྱགས་པའི་ངོ་བོ་ནི། འདོད་ཆགས་ཀྱི་ཆར་གཏོགས་གང་ཞིག ནད་མེད་པ་སོགས་ལ་བརྟེན་ཅིང་ཕུན་ཚོགས་ཀྱི་མཚན་མ་གང་རུང་མཐོང་ནས་དགའ་ཞིང་ཡིད་བདེ་བས་རབ་ཏུ་ཕྱེ་བའི་རིག་པའོ། །བྱེད་ལས་ནི། ཉོན་མོངས་དང་ཉེ་བའི་ཉོན་མོངས་མཐའ་དག་སྐྱེ་བ་དང་རྗེས་སུ་མཐུན་པའི་རྒྱུ་བྱེད་པའི་ལས་ཅན་ནོ། །