9522

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱགས་པ་དང་འཚག་པ་བསྙེམས་པ་གསུམ་གྱི་ཁྱད་པར
Tibetan Definition རྒྱགས་པ་ནི་འདོད་ཆགས་ཀྱི་རྒྱུ་ལུས་དང་སེམས་ཀྱི་འགྱུར་བ་འགའ་ཁོ་ན་ཡིན་ནོ། །འཚག་ནི་ཡག་ལག་དང་ཉིང་ལག་རྒྱས་པའོ། །བསྙེམས་པ་ནི་ཉམས་སྟོབས་སོ། །དེ་དག་མེད་པར་ལུས་གནས་པ་འབའ་ཞིག་གི་ཕྱིར་ཏེ། སྲོག་གི་དབང་པོ་ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ཞེས་དང་། རྒྱགས་པར་འདོད་པ་གང་ཞིག་རྒྱགས་པར་བྱའོ་སྙམ་པ་དང་འཚག་པར་བྱའོ་སྙམ་ནས་ཟས་ཟ་བ་གང་ཡིན་པ་དེ་ནི་འདོད་ཆགས་ཀྱིས་ཟ་བ་ཡིན་ནོ། །གང་ཞིག་བསྙེམས་པའི་ཕྱིར་ཟ་བ་དེ་ནི། བསྙེམས་པའི་འབྲས་བུ་དེ་ནི་གཞན་ལ་གནོད་པར་བྱེད་པ་ཡིན་པའི་ཕྱིར་ཞེ་སྡང་གིས་ཟ་བ་ཡིན་ནོ། །ཞེས་རྒྱ་གར་གྱི་སློབ་དཔོན་བློ་གྲོས་ཆེན་པོས་མཛད་པའི་བཤེས་པའི་སྤྲིང་ཡིག་གི་རྒྱ་ཆེར་བཤད་པ་ཚིག་གསལ་བ་ཞེས་བྱ་བ། བསྟན་འགྱུར་༼ ངེ་པ ༽༨༧ ན༦ལས་གསུངས་སོ། །