9523

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱང་གྲགས
Tibetan Definition གཞུ་འདོམ་ལྔ་བརྒྱའི་ཚད་ཀྱི་མིང་། རྒྱང་གྲགས་གཅིག་ལ་རྐང་ཁྲུའམ་ཕི་ཀྲི་༣༢༣༩.༧༥དང་། ཀི་ལོ་མི་ཀྲར་༠.༩༨༧༤༧༥༨སྟེ། ཀི་ལོ་མི་ཀྲར་གཅིག་མ་ཟིན་ཙམ་ཡོད།  3 2 39.7 5 Feet=0.987 47 58 kilometers མཛོད་རྩ་བ་ལས། སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང༌། །ཉི་ཟེར་རྡུལ་དང་སྲོ་མ་དང༌། །དེ་ལས་བྱུང་དང་དེ་བཞིན་དུ། །སོར་ཚིགས་ཞེས་བྱ་གོང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། །ཞེས་གསུངས།