9527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱང་མིག
Tibetan Definition 1 འཁྲིས་ལ་མ་ཕྱིན་པར་རྒྱང་རིང་པོ་ནས་མིག་གིས་ལྟ་བའི་དོན། རྒྱང་མིག་ལྟ་བ་ཞེས་པ་ལྟ་བུ། རྒྱལ་མཆོག་ལྔ་པའི་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལས། དེར་ཁྲོམ་བགྲང་ལས་འདས་པ་ཚོགས་འདུག་ཀྱང་རྒྱལ་པོའི་ཐམ་ཀ་འབྱར་བའི་ཤིང་དང་ལྕགས་ཐག་གཉིས་ལག་པ་རེ་མོས་ཀྱིས་འཛིན་མཁན་ཞིག་འགྲོ་ཡིན་འདུག་པར་བརྟེན་སྐྱེ་བོ་དེ་དག་ “རྒྱང་མིག” ལྟ་བ་ལས་འཁྲིས་སུ་བཅར་མི་ནུས་པར་སྣང་། ཞེས་པ་ལྟ་བུ།