9530

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན
Tibetan Definition 1 རྒྱན་ཆ་སྟེ། མཛེས་པར་བྱེད་པའི་ཆས། ཡོངས་གྲགས་སུ་རྒྱན་ཞེས་པ་མཛེས་བྱེད་ཀྱི་རྒྱན་གཅིག་པུ་ལ་གོ་ཡང་། སྤྱིར་བཏང་རྒྱན་ལ་དབྱེ་ན་བཞི་ཡོད་དེ། རང་བཞིན་གྱི་རྒྱན། མཛེས་བྱེད་ཀྱི་རྒྱན། གསལ་བྱེད་ཀྱི་རྒྱན། དགའ་བའི་རྒྱན་དང་བཞིའོ། །དཔེར་ན་རང་བཞིན་གྱི་རྒྱན་སྐྱེས་བུའི་ལུས་བཟང་པོ་ལ། མཛེས་བྱེད་ཀྱི་རྒྱན་གདུ་བུ་ལ་སོགས་པས་སྤྲས་པ་དེ་ཉིད་གསལ་བྱེད་ཀྱི་རྒྱན་མེ་ལོང་ལ་སོགས་པའི་ནང་དུ་ཤར་བ་ན་དགའ་བའི་རྒྱན་འདོད་པ་པོ་དགའ་བསྐྱེད་པ་ལྟ་བུའོ།། མདོ་སྡེའི་རྒྱན་ལས། གཟུགས་རྒྱན་རང་བཞིན་ཡོན་ཏན་ལྡན་པ་མེ་ལོང་ནང་སོང་བ། །མཐོང་བའི་དབང་གིས་མི་རྣམས་རབ་ཏུ་དགའ་བའི་མཆོག་སྐྱེད་པ། །དེ་བཞིན་ལེགས་གསུངས་རྟག་ཏུ་རང་བཞིན་ཡོན་ཏན་ལྡན་པ་ཡི། །ཆོས་ཀྱང་དོན་རྣམས་ཕྱེ་བས་མཁས་རྣམས་འདི་ན་དགའ་མཆོག་སྐྱེད། །ཅེས་གསུངས་པ་ལྟར་རོ། །