9537

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན་དྲུག་མཆོག་གཉིས
Tibetan Definition 2 (རྙིང་མ) འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་བ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། དཔལ་ཆོས་ཀྱི་གྲགས་པ་དང་དྲུག་གོ། མཆོག་གཉིས་ནི་དེ་དྲུག་གི་ནང་ནས་ཤིང་རྟ་ཀླུ་ཐོགས་གཉིས་ལ་འདོད། ཅེས་འཇུ་མི་ཕམ་རིན་པོ་ཆེའི་སྐད་གཉིས་ཤན་སྦྱར་༡༢ན་༦ལས་གསུངས། ཡང་དེ་ཉིད་ལས། ཡང་ཁ་ཅིག་མཆོག་གཉིས་ཤིང་རྟ་གཉིས་དང་། དེའི་རྗེས་སུ་འཕགས་པ་ལྷ་སོགས་རྒྱན་དྲུག་གཞན་བཞེད་པ་དང་། ཡོད་ཏན་འོད་དང་ཤཱཀྱ་འོད་རྣམ་པ་གཉིས་ལ་འདུལ་འཛིན་མཆོག་གཉིས་ཞེས་འདོད་པ་སོགས་ཡོད། ཅེས་གསུངས་སོ། །