9539

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱན་སྡུད
Tibetan Definition (བརྡ་སྤྲོད) ཕྲད་གཞན་དབང་ཅན་ཞིག་སྟེ། “ཀྱང” “ཡང” “འང” གསུམ་མོ། །༡ མཐུན་པའི་ཚིག་རྒྱན་ལ་འཇུག་པ་ནི། དཔེར་ན་མཁས་ཀྱང་མཁས་ལ་སྤོབས་པ་ཡང་ཆེ་ལྟ་བུ། མཛེས་ཀྱང་མཛེས་ལ་འདྲ་ཡང་ཆགས་ལྟ་བུ། གཏམ་འདོད་བཤད་ཀྱང་བཤད་པ་ཡིན་ལ་བཤད་རིན་ཆོག་པ་ཡོད་ལྟ་བུ། ༢ མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ་ནི། དཔེར་ན་བལྟས་ཀྱང་མ་མཐོང་། བཏུད་ཀྱང་ཁྲོ། བཤད་ཀྱང་མི་ཉན་ལྟ་བུ། ༣ སྡུད་པའི་དོན་ལ་འཇུག་པ་ནི། དཔེར་ན་མིར་མ་ཟད་ལྷས་ཀྱང་བཏུད། འང་འགྲོ་རྒྱུ་ཡིན་ལྟ་བུ།