9555

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོ་ཟས་གཙང་མའི་རྒྱལ་རྒྱུད་ཀྱི་སྐོར
Tibetan Definition (འདུལ་བ) རྒྱལ་པོ་ཟས་གཙང་མའི་ཡབ་རྒྱལ་པོ་སེངྒེའི་འགྲམ་ <སིཾཧ་ཧ་ནུཿ> ལ་བུ་བཞི་སྟེ། ༡ ཟས་གཙང་དང་། <ཤུདོྡྷདནཿ> (འདི་བདག་ཅག་གི་སྟོན་པའི་ཡབ) ༢ ཟས་དཀར། <ཤུ་ཀློ་དནཿ> ༣ བྲེ་བོ་ཟས་སམ་བྲའོ་ཟས། <དྲོ་ཎོ་དནཿ> (བྱེ་བྲག་རྟོགས་བྱེད་ཆེན་པོ་༦༠བ༦པར། བྲའོ་ཟས་ཞེས་བྲིས) ༤ ཚད་མེད་ཟས་སམ་བདུད་རྩི་ཟས་དང་བཞིའོ། ། (བྱེ་བྲག་རྟོགས་བྱེད་ཆེན་པོ་༦༠བ༦པར། བདུད་རྩི་ཟས་ཞེས་བྲིས) ༡ བུ་མོ་གཙང་མ་དང་། ༢ དཀར་མོ་དང་། ༣ བྲེ་བོ་མ་དང་། ༤ ཚད་མེད་མའོ། །བུ་དང་པོ་ཟས་གཙང་ལ་བུ་གཉིས་ཏེ། དོན་གྲུབ་བམ་བཅོམ་ལྡན་འདས་ <སིདྡྷརྠ> དང་། ཚེ་དང་ལྡན་པ་དགའ་བོ་ <ནནྡཿ> གཉིས་སོ། །བུ་གཉིས་པ་ཟས་དཀར་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་རྒྱལ་ <ཏིཥྱཿ> དང་། ཤཱཀྱའི་རྒྱལ་པོ་བཟང་ལྡན་ <བྷདྲཀཿ> (རྒྱལ་པོ་ཟས་གཙང་གིས་བཟང་ལྡན་ཤཱཀྱའི་རྒྱལ་པོར་དབང་བསྐུར་ཚུལ། ལུང་རྣམ་འབྱེད་༼ ཆ ༽༨༨བ༣ན་གསལ་ལོ) ནོ། །བུ་གསུམ་པ་བྲེ་བོ་ཟས་ལ་བུ་གཉིས་ཏེ། མིང་ཆེན་ <མཧཱ་ནམཿ> དང་། ཚེ་དང་ལྡན་པ་མ་འགགས་པ <ཨནིརུདྡྷཿ> གཉིས་སོ། །བུ་བཞི་པ་ཚད་མེད་ཟས་ལ་བུ་གཉིས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོ་ <ཨ་ནནྡཿ> (འདི་སྟོན་པའི་ཞབས་ཕྱིའམ་གསོལ་དཔོན་ཡིན) དང་། (ཀུན་དགའ་བོ་ལ་སྲིང་མོ་ཞིག་ཀྱང་ཡོད། སྲིང་མོའི་བུ་གཉིས་རབ་ཏུ་བྱུང་ཚུལ་སྐོར་༼ འདུལ་བ་ལུང་གཞི ༽ཀ་པར་གསལ་ལོ) ལྷ་སྦྱིན་ <དེ་བ་དཏྟཿ> (འདི་སྟོན་པ་ལ་རྟག་ཏུ་འགྲན་པའི་བདུད་ལྷ་སྦྱིན་ཞེས་བྱ་བ་དེ་ཡིན) ནོ། །གཙང་མའི་བུ་ནི་ལེགས་པར་རབ་སད་དོ། །དཀར་མོའི་བུ་ནི་ཕྲེང་བ་ཅན་ནོ། །བྲེ་མོ་མའི་བུ་ནི་བཟང་ལེན་ནོ། །ཚད་མེད་མའི་བུ་དགེ་འཕེལ་ལོ། །བཅོམ་ལྡན་འདས་ཀྱི་སྲས་ནི་སྒྲ་ཅན་ཟིན་ <རཱ་ཧུལཿ> ཡིན་ཏེ། ཞེས་གསུངས་སོ། །འདུལ་བ་ལུང་གཞི་༼ ག་པ ༽༢༧༢བ་ཕྲེང་༦ན་གསལ་བ་ལྟར་བཀོད་དོ། །