9558

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོ་ཨུ་ཏྲ་ཡ་ན
Tibetan Definition བདག་ཅག་གི་སྟོན་པ་དང་དུས་མཚུངས་སུ་བྱོན་པའི་རྒྱལ་པོ་ཞིག འདི་ལ་རུ་ཏྲ་ཡ་ན་ Rudrayana ཞེས་ཀྱང་བརྗོད་ཀྱི་ཡོད་འདུག འདི་ནི་གནའ་བོ་རྒྱ་གར་གྱི་ནུབ་ཕྱོགས་སིནྡྷུའི་ཡུལ་གྱི་གྲོང་ཁྱེར་ཆེན་པོ་རོ་རུ་ཀ་ཞེས་བྱ་བ་དེའི་རྒྱལ་པོ་ཡིན་པར་བཤད། རོ་རུ་ཀ་ Rorukaལ། རོ་རི་ Rori དང་། རོ་རིཀ་ Rorik བཅས་ཟེར། སྟོན་པའི་ཞལ་བཀོད་ལྟར་རྒྱལ་པོ་གཟུགས་ཅན་སྙིང་པོས་རྒྱལ་པོ་འདི་ལ་སྲིད་པ་འཁོར་ལོའི་དཔེ་རིས་ལག་སྐྱེས་སུ་བསྐུར་བའི་ལོ་རྒྱུས་ཡོད། ཚོམས་ཀྱི་འགྲེལ་པ་༼ ཏུ ༽༡༤༠ ན༡ལས། སིནྡྷུའི་ཡུལ་རོ་རུ་ཀ་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོའི་རྒྱལ་པོ་ཨུ་ཏྲ་ཡ་ནས་ཤར་ཕྱོགས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་མ་མཐོང་བའི་གྲོགས་པོ་ཡིན་ནོ་ཞེས་ཁས་བླངས་ཏེ། རིན་པོ་ཆེའི་རང་བཞིན་གྱིས་ཁྲབ་རིན་ཐང་མེད་པ་ཞིག་བསྐུར་རོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་དེ་དང་རྗེས་སུ་མཐུན་པའི་སྐྱེས་མ་རྙེད་དེ། ཞེས་སོགས་གསུངས་སོ། །