9562

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་པོའི་མདོ་ལྔ
Tibetan Definition ཡུམ་གྱི་དོན་བསྡུས་ཤེས་རབ་སྙིང་པོ། མྱང་འདས་ཀྱི་དོན་བསྡུས་འདའ་ག་ཡེ་ཤེས། དཀོན་མཆོག་བརྩེགས་པའི་དོན་བསྡུས་རྡོ་རྗེ་རྣམ་འཇོམས། ཕལ་ཆེན་གྱི་དོན་བསྡུས་བཟང་སྤྱོད་སྨོན་ལམ། ལང་གཤེགས་ཀྱི་དོན་བསྡུས་ལྟུང་གཤགས་རྣམས་སོ། །དེ་རྣམས་ལ་རྒྱལ་པོའི་མདོ་ཟེར་བའི་རྒྱུ་མཚན་ནི། སྔོན་དུས་སུ་བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་རིམ་གྲོར་མདོ་ལྔ་པོ་དེ་གདོན་པར་བྱ་བ་ལས་བཏགས་པར་སེམས་སོ། །ཡང་ཤེས་རབ་སྙིང་པོ་ལྟ་བའི་མདོ། འདའ་ག་ཡེ་ཤེས་སྤྱོད་པའི་མདོ། རྡོ་རྗེ་རྣམ་འཇོམས་ཁྲུས་ཀྱི་མདོ། བཟང་པོ་སྤྱོད་པ་སྨོན་ལམ་གྱི་མདོ། ལྟུང་བཤགས་སྡིག་པ་བཤགས་པའི་མདོའོ། །ཞེས་བསྟན་དར་ལྷ་རམས་པའི་ཤེར་སྙིང་གི་འགྲེལ་པ་༤བ་ན་གསལ་ལོ། །