From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྒྱལ་བ་དགེ་འདུན་གྲུབ་ཀྱི་གསུང་འབུམ་དཀར་ཆག
|
Tibetan Definition
|
རྒྱལ་བ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་ཀྱི་གསུང་འབུམ་གླེགས་བམ་ལྔ་ནི། ༼ ཀ་པར ༽འདུལ་བའི་གླེང་འབུམ་ཆེན་མོར་ལྔ་བརྒྱ་དང་བདུན། ༼ ཁ་པར ༽འདུལ་ཊཱིཀ་རིན་ཆེན་འཕྲེང་བར་བཞི་བརྒྱ་དང་ཉི་ཤུ། ༼ ག་པར ༽མཛོད་ཊཱིཀ་ཐར་ལམ་གསལ་བྱེད་ལ་སུམ་བརྒྱ་དང་གསུམ། འདུལ་བ་སོ་ཐར་འདུལ་ཊཱིཀ་ལ་བརྒྱད་ཅུ། ༼ ང་པར ༽རྣམ་འགྲེལ་ལེའུ་བཞིའི་ཊཱི་ཀ་ལ་ཉིས་བརྒྱ་དང་སུམ་ཅུ། ཚད་མ་རིགས་རྒྱན་ལ་བརྒྱ་དང་བདུན་ཅུ་ཐམ་པ། དབུ་མ་རྩ་བ་ཤེས་རབ་ཀྱི་འབྲུ་འགྲེལ་རིན་ཆེན་འཕྲེང་བ་ལ་ཉེར་བརྒྱད། དབུ་མ་འཇུག་པའི་འབྲུ་འགྲེལ་གསལ་བའི་མེ་ལོང་ལ་སུམ་ཅུ་སོ་གཅིག ༼ ཀ་པར ༽རྒྱལ་བ་དགེ་འདུན་གྲུབ་ཀྱི་རྣམ་པར་ཐར་པ་ནོར་བུའི་འཕྲེང་བར་དྲུག་ཅུ་རེ་བཞི། ༼ ཁ་པར ༽དགེ་འདུན་གྲུབ་ཀྱི་རྣམ་ཐར་ངོ་མཚར་མཛད་པ་བཅུ་གཉིས་ལ་བཅུ་དགུ། ༼ ག་པར ༽ ཐུབ་དབང་བསྟོད་པ་བདུད་དཔུང་ཕྱེར་འཐག་ལ་དགུ། ༼ ང་པར ༽གསུང་ཐོར་བུ་ཕྱོགས་གཅིག་ཏུ་དྲིལ་བ་བདུན་ཅུ་དོན་གསུམ་གྱི་ནང་དུ། རྒྱལ་ཚབ་དར་མ་རིན་ཆེན་གྱི་སྐུ་བསྟོད་གང་སྐུ་མ། ཡང་དེ་ཡི་སྐུ་བསྟོད་རྣམ་དཔྱོད་མ། དགེ་ལེགས་དཔལ་བཟང་གི་སྐུ་བསྟོད་ཕུན་ཚོགས་དགེ་ལེགས་མ། སྤྱན་སྔ་བསོད་ནམས་ལྷུན་གྲུབ་ཀྱི་བསྟོད་པ་རླབས་ཆེན་མ། སྤྱན་སྔ་རིན་འཕེལ་ལ་བསྟོད་པ་ལྷག་བསམ་མ། བྱང་རྩེ་ནམ་མཁའ་དཔལ་བཟང་ལ་བསྟོད་པ་ལྷག་བསམ་མ། སེམས་དཔའ་ཚུལ་ཁྲིམས་དཔལ་ལ་བསྟོད་པ་རྣམ་དག་མ། མཆོག་གསུམ་ལ་བརྟེན་པའི་ཡན་ལག་བདུན་པ། ཐུབ་དབང་ལ་བསྟོད་པ་ལུང་ཀུན་ལས་བཏུས་པ། སངས་རྒྱས་ཀྱི་གསུང་ལ་བསྟོད་པ། དུས་ཆེན་ངོས་འཛིན་ཆོ་འཕྲུལ་བསྟོད་པ། འོད་དཔག་མེད་གཙོ་འཁོར་ལ་བསྟོད་པ། འཇམ་དབྱངས་ལ་བསྟོད་པ་ཤེས་རབ་སྣང་བྱེད། ས་ཡི་སྙིང་པོ་ལ་བསྟོད་པ་ས་ལམ་མ། ཟབ་མོ་ལྟ་བརྒྱུད་ལ་བསྟོད་པ། སྒྲོལ་དཀར་ལ་བསྟོད་པ་མཁྱེན་བརྩེ་དྲི་མེད་མ། སྒྲོལ་ལྗང་ལ་བསྟོད་པ་ལེགས་བྲིས་མ། སྒྲོལ་མའི་ཞིང་གཡུ་ལོ་བཀོད་པ་སེང་ལྡེང་ནགས་ཀྱི་བསྟོད་པ་ཡིད་ཀྱི་ལྕགས་ཀྱུ་མ། དབྱངས་ཅན་མ་ལ་བསྟོད་པ། བཀྲ་ཤིས་ལྷུན་པོའི་གནས་བསྟོད། ཤར་གངས་རི་མ། དྲིན་དྲན་མགུར་མ། བསྟོད་པ་རྒྱལ་གསུང་མ། ཞལ་གདམས་ཀ་འཕྲེང༌། མིག་གཟུངས་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས། ཛམ་བྷ་ལ་སེར་པོའི་ཆུ་སྦྱིན། མི་གཡོ་བའི་སྒྲུབ་ཐབས། སེང་གདོང་མའི་སྒྲུབ་ཐབས། ཡེ་ཤེས་ཁྱུང་ཁྲའི་སྒྲུབ་ཐབས། རྨི་ལམ་སྒྲོལ་མ་ལྷ་མོ་ཤྲཱ་མ་ཎའི་སྒོ་ནས་རྨི་ལམ་བརྟག་པ། ཕྱག་དྲུག་པའི་མངའ་གསོལ། གདུགས་དཀར་གྱི་ལེགས་ལྡན་མཆེད་གསུམ་གྱི་གཏོར་ཆོག །དམ་ཅན་ཆོས་རྒྱལ་གྱི་བསྐང་བ་བསྟོད་བསྐུལ། དམ་ཅན་ཆོས་རྒྱལ་ཡབ་ཡུམ་ལ་ཀ་བསྟོད་མ་བསྟོད་བཟློག་པ་རྒྱས་པ། ཆོས་རྒྱལ་གསང་སྒྲུབ་བསྟོད་པ། ལྷ་མོ་དམག་ཟོར་མའི་གཏོར་ཆོག་བསྡུས་པ། ཆོས་རྒྱལ་ལྷ་བེག་བཅས་ལ་བཀྲ་ཤིས་ལྷུན་པོ་གཉེར་གཏད་མཛད་པ། མགོན་པོ་གྲི་གུག་གི་བསྟོད་པ། ཞལ་བཞི་པའི་ཀ་བསྟོད། དབུ་མའི་ལྟ་ཁྲིད་རྗེ་ཙོང་ཁ་པའི་གསུང་རྒྱུན་བཞིན་བཀོད་པ། དངུལ་ཆུའི་བཅུད་ལེན། གཟུངས་གཞུག་འབུལ་ཚུལ་དང༌། དེ་ཡི་རབ་གནས་བྱ་ཚུལ། བྱང་སེམས་མར་གནང་བའི་ཆབ་ཤོག །དཀོན་མཆོག་བརྩེགས་པ་ནས་བྱུང་བའི་ཞིང་སྦྱོང་སྨོན་ལམ། ཆོ་འཕྲུལ་དུས་ཆེན་དུ་མཛད་པའི་སྨོན་ལམ། བཀྲ་ཤིས་ལྷུན་པོའི་བྱམས་ཆེན་བཞེངས་པའི་སྨོན་ལམ་བྱམས་པའི་སྐུ་གཟུགས་མ། འདུལ་བའི་གླེང་འབུམ་གྱི་དབུ་ཡི་སྙན་ངག་ཟུང་ལྡན་རྒྱུན་ཆགས་ཚིགས་བཅད། སྨོན་ལམ་དང་བཅས་པ་རྣམས་སོ། །༼ ཅ་པར ༽འཆི་ལྟས་བརྟག་པ། གྲུབ་རྒྱལ་ལུགས་ཀྱི་ཚེ་སྒྲུབ། སྒྲོལ་དཀར་སྒོ་ནས་ཚེ་སྒྲུབ། ནམ་མཁའ་ཟས་སུ་ཟ་བའི་སྒོ་ནས་ཚེ་སྒྲུབ། འཕོ་བ་སྦྱང་བ་དང་བཅས་པ་ལ་ཉི་ཤུ། ༼ ཆ་པར ༽སྒྲོལ་དཀར་ཐུན་མོང་མ་ཡིན་པའི་རྗེས་གནང་ལ་བཞི། ༼ ཇ་པར ༽ སྒྲོལ་ཊཱིཀ་རིན་ཆེན་འཕྲེང་བ་སྒྲོལ་ལྗང་སྒྲུབ་ཐབས་བཅས་པ་ལ་བཅུ། ༼ ཉ་པར ༽གསང་འདུས་ཀྱི་སྒོ་ནས་རབ་གནས་ལ་བཅུ་གཅིག ༼ ཏ་པར ༽དུས་འཁོར་བསྐྱེད་རྫོགས་ཟིན་བྲིས་ལ་ཉི་ཤུ་ཐམ་པ། ༼ ཐ་པར ༽གཏོར་མའི་རྣམ་བཤད་ཚིག་དོན་རབ་གསལ་ལ་བཅུ་གཅིག །༼ ད་པར ༽ཐེག་ཆེན་བློ་སྦྱོང་རྒྱས་པ་ལ་ལྔ་བཅུ་ང་བཞི། ༼ ན་པར ༽ཐེག་ཆེན་བློ་སྦྱོང་བསྡུས་པ་ལ་ཉི་ཤུ་རྩ་དྲུག །སི་ཏུ་རྣམ་རྒྱལ་གྲགས་པའི་དྲི་བ་ལ་གསུམ། ༼ མ་པར ༽སི་ཏུ་རྣམ་རྒྱལ་གྲགས་པའི་དྲིས་ལན་ལ་ཉེར་གཉིས་རྣམས་སོ། །
|