9566

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ་དཀར་ཆག
Tibetan Definition རྒྱལ་བ་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོའི་གསུང་འབུམ་གྱི་མཚན་ཐོ་ནི། གཡངས་པ་ཆོས་རྗེས་སྟོད་ཆ་དང༌། ཆོས་རྗེ་དཀོན་མཆོག་སྐྱབས་ཀྱིས་སྨད་ཆ་མཛད་པའི་རྣམ་ཐར་དད་པའི་ལྗོན་ཤིང་ཡལ་འདབ་ཉེར་ལྔ་པ་ལ་བརྒྱ་དང་དྲུག་ཅུ་རེ་གཅིག་ཀ་པར་རྗེ་ཉིད་ཀྱི་རྣམ་ཐར་རྗེ་ཉིད་ཀྱིས་མཛད་པ་ལ་སོ་བརྒྱད། ༼ ཁ་པར ༽རྗེ་ཉིད་ཀྱི་ཡབ་རྗེ་ཀུན་དགའ་རྒྱལ་མཚན་གྱི་རྣམ་ཐར་ལ་བཞི་བཅུ། ༼ ག་པར ༽བླ་མའི་བསྟོད་ཚོགས་ལ་དོན་ལྔ། ༼ ང་པར ༽ སངས་རྒྱས་བྱང་སེམས་ཀྱི་བསྟོད་ཚོགས་ལ་སོ་བཞི། ༼ ཅ་པར ༽ཞལ་གདམས་མགུར་མ་ལ་ཞེ་དྲུག་ཆ་པར་བླ་མའི་རྣལ་འབྱོར། ནཱི་གུ་ཆོས་དྲུག་རྒྱས་བསྡུས་གཉིས། སྙིང་པོ་དོན་གསུམ། དབུ་མའི་ལྟ་ཁྲིད་རྒྱས་བསྡུས་སོགས་ལ་གོ་དྲུག ༼ ཇ་པར ༽མཚན་བརྗོད་འགྲེལ་པར་བརྒྱ་དང་ཞེ་གཅིག ༼ ཉ་པར ༽ གསང་འདུས་བསྐྱེད་རིམ་ལ་སོ་གསུམ། ༼ ཏ་པར ༽འཇིགས་བྱེད་བསྐྱེད་རིམ་ལ་ཉེར་བདུན། ༼ ཐ་པར ༽ནཱ་རོ་ཆོས་དྲུག་ལ་བཅོ་ལྔ། ༼ ད་པར ༽དྲིལ་བུ་ལྷ་ལྔའི་ཆོ་གར་བཅོ་ལྔ། ༼ ན་པར ༽བདེ་མཆོག་དྲིལ་བུ་པའི་སྦྱིན་སྲེག་ལ་བརྒྱད། ༼ པ་པར ༽ཇ་མཆོད་རྩ་འགྲེལ་ལ་གཉིས། ༼ ཕ་པར ༽བདེ་མཆོག་བསྐྱེད་རིམ་ཉི་འོད་ལ་དྲུག་ཅུ་རེ་གཉིས། ༼བ་པར༽ལཱུ་དྲིལ་གཉིས་ཀའི་རྫོགས་རིམ་ལ་བཞི་བཅུ། ༼ མ་པར ༽ཡི་དམ་སྒྲུབ་སྐོར་ལ་རེ་བཞི། ༼ ཙ་པར ༽སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ཆོ་ག་ལ་དགུ། ༼ ཚ་པར ༽རབ་གནས་དངོས་གྲུབ་སྙེ་མ་ལ་བཅུ་བདུན། ༼ ཛ་པར ༽རབ་གནས་ཕྱག་མཆོད་ལ་ལྔ། ༼ ཝ་པར ༽བློ་གྲོས་སྦས་པའི་མགུར་འགྲེལ་ལ་གསུམ། ༼ ཞ་པར ༽མེ་ཏོག་བཅུད་ལེན་གྱི་གདམས་པར་བཞི། ༼ ཟ་པར ༽གཏོར་མ་བརྒྱ་རྩ་ལ་དྲུག་འ་པར་དྲང་ངེས་རྣམ་འབྱེད་དཀའ་འགྲེལ་ལ་བརྒྱ་དང་དྲུག་ཡ་པར་དབུ་མའི་ཊཱིཀ་ཆེན་གསལ་རྒྱན་ལ་བརྒྱ་དང་བཅུ་གསུམ། ༼ ར་པར ༽དབུ་མ་སྟོང་ཉིད་བདུན་ཅུའི་འགྲེལ་པ་ལ་ཉེར་བརྒྱད། ལ་པར་རྟེན་འབྲེལ་བསྟོད་པའི་ཊཱི་ཀ་ལ་བཅུ་དྲུག་ཤ་པར་སྒྲོལ་ཊཱི་ཀ་ལ་ལྔ། ༼ ཧ་པར ༽མཆོད་ཡར་ལ་གསུམ། ཨ་པར་གླེགས་བམ་བསྡུས་དོན་ལ་བཞི། ༼ ཨ་ཐུང ༽གྲུབ་མཐའི་རྣམ་གཞག་ལ་བཅུ་གསུམ། ༼ ཨཱ་རིང ༽སྙན་ངག་སྐོར་ལ་སོ་གསུམ། ༼ ཨི་ཐུང ༽འདུལ་བའི་བསླབ་བྱ་ཆེན་མོར་དོན་བརྒྱད། ༼ ཨཱི་རིང ༽སློབ་དཔོན་དཔའ་བོའི་སྨོན་ལམ་བདུན་ཅུ་པའི་ཊཱི་ཀ་ལ་བཅུ་བདུན། ༼ ཨུ་ཐུང ༽ཆོས་སྐྱོང་སྒྲུབ་སྐོར་ཏེ། ལྷ་མོ་ཞལ་བཞི། ཕྱག་བཞི། དུར་ཁྲོད་མགོན་པོ། མགོན་པོ་བཞི་སྦྲགས། རྒྱལ་ཆེན་རྣམ་སྲས། ཆོས་སྐྱོང་སྤྱི་བསྐང་སོགས་ལ་བརྒྱད་ཅུ་གྱ་གཅིག །༼ རྀ་ཐུང ༽རྒྱལ་པོ་སྐུ་ལྔ། གྲགས་རྒྱལ་མ། གཡུ་སྒྲོན་མ། ཚེ་རིང་མཆེད་ལྔ། འཕྱོས་ལྷ་སོགས་ཀྱི་གསོལ་མཆོད་ལ་ཉེར་དྲུག ༼ རཱྀ་རིང༽ཆབ་ཤོག་ལ་བརྒྱ་དང་ཉེར་གཉིས། ༼ ལཱྀ་རིང ༽སྙན་ངག་དོན་རྒྱན་ལ་བཅུ་གཅིག ༼ ཨེ་ཐུང ༽ འཇིགས་བྱེད་སྨོན་ལམ་ཤིས་བརྗོད་ལ་ལྔ། ༼ ཨཻ་རིང ༽ བརྟན་བཞུགས་ལ་ལྔ། ༼ ཨོ་ཐུང ༽སྨན་བླའི་ཤིས་བརྗོད་ལ་གཉིས། བརྒྱ་བཞི་ལ་ལྔ་རྣམས་སོ། །པར་ལ་མ་འཁོད་པ་ནི། འཇམ་དབྱངས་ཨ་ར་པ་ཙའི་མངོན་རྟོགས་དང་རྗེས་གནང་བྱ་ཚུལ། ལྷ་མོ་ཀུ་རུ་ཀུ་ལེའི་གསང་སྒྲུབ་ཀྱི་གདམས་པ། སྒྲ་དབྱངས་ལྷ་མོའི་རྗེས་གནང་བྱ་ཚུལ། ཚེ་རིང་མཆེད་ལྔའི་རྗེས་གནང༌། ལྷ་མོ་འོད་ཆེན་འབར་མའི་བསྐུལ། འཇིགས་བྱེད་ཚོགས་འཁོར། གྲུབ་ཐོབ་གཉན་ཚེམ་བུ་བའི་ལུགས་ཀྱི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དམར་ཁྲིད། པཎ་ཆེན་ཡེ་ཤེས་རྩེ་མོའི་རྣམ་ཐར་རྒྱས་པ། མགོན་པོ་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ། ལྷ་མོ་དམག་ཟོར་མ་དང་ཆོས་སྐྱོང་བེག་རྩེ་གཉིས་ཀྱི་བསྙེན་སྒྲུབ་བྱ་ཚུལ། ཆོས་རྒྱལ་བསྐང་བ་བདེ་ཆེན་ལྷུན་གྲུབ་མ་ནི་འགའ་ཞིག་གིས་བསོད་ནམས་ཡེ་ཤེས་དབང་པོའི་ཡིན་གསུངས་ཀྱང༌། རྒྱལ་བ་བསྐལ་བཟང་རྒྱ་མཚོས་དགེ་འདུན་རྒྱ་མཚོའི་གསུང་དུ་བཞེད་དེ། དེ་དགེ་འདུན་རྒྱ་མཚོའི་གསུང་འབུམ་ལུང་གནང་སྐབས་སུ་ལུང་ཡང་གནང་ངོ། །༼ ལྀ་ཐུང ༽འཇིགས་བྱེད་སྨོན་ཤིས་ལ་བཞི་བཅས་སོ། །