9567

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་དབང་པོའི་ཏོག
Tibetan Definition བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་ནས་མཆོག་གི་སྤྲུལ་སྐུའི་ངོ་བོར་སངས་རྒྱས་པའི་སངས་རྒྱས་ལ། རྒྱལ་བ་དབང་པོའི་ཏོག་ཟེར། འདིའི་ཁུངས་ཡབ་སྲས་མཇལ་བའི་མདོ་ལས་གསུངས་པར་བཤད། རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་སོགས་པའི་མཛད་པ་ནི་གདུལ་བྱ་ཐུན་མོང་བའི་ངོར་ཚུལ་བསྟན་པ་ཙམ་མོ། །དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ་ལས། (རྗེ་ཙོང་ཁ་པ་ཆེན་པོ་འདི་ཉིད) སྔོན་ཚེ་དབང་པོའི་ཏོག་གི་སྤྱན་སྔ་རུ། །དམ་བཅས་ཚེ་ན་སྙིང་སྟོབས་ཆེན་པོ་ཞེས། །སྲས་བཅས་རྒྱལ་བས་བསྔགས་བརྗོད་བདེན་པའི་མཐུས། །བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཅེས་པའི་དབང་པོའི་ཏོག་དང་དོན་གཅིག་ཡིན་པར་སེམས།