9568

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་བསོད་ནམས་རྒྱ་མཚོའི་གསུང་འབུམ་དཀར་ཆག
Tibetan Definition རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་བཀའ་འབུམ་པོད་གཅིག་གི་མཚན་ཐོ་ནི། བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་གསེར་གྱི་ཞུན་མ། རྩ་བརྒྱུད་བླ་མའི་གསོལ་འདེབས་དངོས་གྲུབ་འབྱུང་གནས་ཞལ་ཐང་རྒྱབ་ཡིག་བསྩལ་བ་ཕྱོགས་གཅིག་ཏུ་བསྒྲིགས་པ། ཕག་གྲུ་རྡོ་རྗེ་རྒྱལ་པོའི་བསྟོད་པ་བྱིན་རླབས་ལྷུན་པོ། རྗེ་རང་ཉིད་ལ་བསྟོད་པ་རྒྱ་ཆེན་བསོད་ནམས་མ། ཕུན་ཚོགས་རྣམ་དཔྱོད་ཐུགས་རྗེའི་བདག་ཉིད་མ། བསྐལ་བཟང་དཔག་མེད་མ། རྡོ་རྗེ་གདན་བཞིའི་བསྟོད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ལས་མཐའ་སྲིད་གསུམ་ཟ་བའི་སྲེག་ཁང་འབར་བ། གུ་རུ་དྲག་པོའི་ལས་བྱང་ཉི་མའི་འཁོར་ལོ། པེ་ཧར་ཆོས་རྒྱལ་ཆེན་པོར་ཀ་འཕྲེང་ལས་བརྩམས་པའི་གསོལ་མཆོད། དམ་ཅན་ཆོས་ཀྱི་རྒྱལ་པོའི་གཏོར་ཟོར་བྱ་ཚུལ། བདེ་མཆོག་དྲིལ་བུ་ལྷ་ལྔའི་བདག་འཇུག་ལེན་ཚུལ། དྲིལ་བུ་ལྷ་ལྔའི་ཤིས་བརྗོད། མི་འཁྲུགས་པའི་སྨོན་ལམ། བརྒྱ་བཞིའི་ཆོ་ག་བཀླགས་པས་དོན་འགྲུབ། སྙིང་པོ་དོན་གསུམ་གྱི་ཁྲིད་ཡིག་རྟ་མགྲིན་གསང་སྒྲུབ་ཀྱི་སྒྲུབ་ཐབས་བདུད་དཔུང་ཕྱེར་ཐག་ཚོགས་བདག་སྒྲུབ་ཐབས་འདོད་དགུའི་འབྱུང་གནས། ཀུ་རུ་ཀུ་ལེའི་སྒྲུབ་ཐབས་དངོས་གྲུབ་བང་མཛོད། མགོན་དཀར་ཡིད་བཞིན་ནོར་བུའི་སྒྲུབ་ཐབས། མགོན་དཀར་གཞན་གྱི་ཆོག་བསྒྲིགས་ཡོད་པའི་ཁ་སྐོང༌། དཔལ་གུར་གྱི་མགོན་པོའི་མངོན་རྟོགས་དངོས་གྲུབ་ཉིང་ཁུ། དེ་ཡི་གཏོར་འབུལ། དཔལ་མགོན་བྲམ་གཟུགས་ལ་མཆོད་གཏོར་འབུལ་ཚུལ་ཕྲིན་བཅོལ་དང་བཅས་པ། དེ་ཡི་གཏོར་འབུལ། ཞལ་བཞི་པའི་བསྐང་གསོ་རྒྱས་པའི་འཕྲིན་ལས་ཀྱི་གཏོར་འབུལ། ཞལ་བཞི་གདོང་བརྙན་ཅན་འཁོར་མང་གི་སྒྲུབ་ཐབས་རྒྱས་པ་དགྲ་སྡེ་འཇོམས་པའི་སྤུ་གྲི། དེ་ཡི་བསྟོད་པ་དང་གདབ་ལས་ཀྱི་བསྐུལ་ཚིག་བེག་ཙེ་ལྕམ་སྲིང་གི་བསྟོད་པ། དཔལ་ལྡན་དམག་ཟོར་རྒྱལ་མོའི་བསྟོད་པ་འཕྲིན་བཅོལ་དངོས་གྲུབ་རྒྱ་མཚོ། དཔལ་ལྡན་ལྷ་མོའི་མཆོད་གཏོར་འབུལ་ཚུལ་དངོས་གྲུབ་ཆར་འབེབས། ལྷ་མོ་དུས་མཚན་མར་མཆོད་གཏོར་འབུལ་བའི་རིམ་པ། འོ་དེ་གུང་རྒྱལ་གྱི་བསྟོད་པ། གཟའ་རྒོད་བཤན་པ་མིག་དམར་གྱི་མངོན་རྟོགས། རྒྱ་ལེ་ཆོས་མཛད་ལ་གནང་བའི་ཞལ་གདམས་ཞལ་ཆེམས་གནས་ཆུ་ལེན་མ། ལོ་གསར་མཆོད་འབུལ་གོ་རིམ། ཐུགས་དམ་བཀྲ་ཤིས་ཚིགས་བཅད་མ་རྣམས་སོ། །བསོད་ནམས་རྒྱ་མཚོའི་དག་སྣང་ཚེ་སྒྲུབ་འཆི་མེད་རྡོ་རྗེའི་སྲོག་ཤིང༌། །གསུང་འབུམ་ནང་དུ་མི་བཞུགས།