9569

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ
Tibetan Definition རྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ་གླེགས་བམ་བདུན་ནི།༼ ཀ་པར ༽ (ཀླུ་སྒྲུབ་ཀྱི་སློབ་མ་ཀླུ་ཡི་བྱང་ཆུབ་ཀྱི་དཔལ་གསང་བ་འདུས་པའི་དཀྱིལ་ཆོག་ཉི་ཤུ་པའི་སྟེང་དུ་དབང་གོང་མ་གསུམ་བསྣན་ནས་བཤད་པ) རྗེ་ཙོང་ཁ་པའི་དབང་དོན་དེ་ཉིད་རབ་གསལ་གྱི་འགྲེལ་པ་དེ་ཉིད་ཡང་གསལ་རྡོ་རྗེ་སེམས་དཔའི་ཞལ་ལུང་ལེགས་བཤད་རྒྱ་མཚོ་ལ་བཞི་བརྒྱ་དང་བདུན། ༼ ཁ་པར ༽རྗེ་ཙོང་ཁ་པའི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་ལ་བཅོ་ལྔ། བླ་མའི་རྣལ་འབྱོར་ཕྱོགས་གཅིག་ཏུ་བཀོད་པ་དངོས་གྲུབ་བདུད་རྩིའི་ཆར་འབེབས་ལ་བརྒྱད་ཅུ་གྱ་བཞི། འཇིགས་བྱེད་དབང་གི་བརྒྱུད་འདེབས་ལ་གསུམ། འཇིགས་བྱེད་བསྐྱེད་རྫོགས་བརྒྱུད་འདེབས་ལ་གསུམ། འཇིགས་བྱེད་དབང་བཤད་སྐུ་གསུམ་རིན་ཆེན་བང་མཛོད་ལ་བརྒྱ་དང་བརྒྱད། འཇིགས་བྱེད་བསྐྱེད་རིམ་མཆོག་མཐུན་དངོས་གྲུབ་གཏེར་མཛོད་ལ་ལྔ་བཅུ་ང་དྲུག འཇིགས་བྱེད་ཀྱི་ཚོགས་མཆོད་དགའ་སྟོན་འཛུམ་ཞལ་ལ་བཞི། འཇིགས་བྱེད་དཔའ་བོ་གཅིག་པའི་དཀྱིལ་ཆོག་དང་། བདུད་དཔུང་ཕྱེ་མར་འཐག་པའི་འཕྲུལ་འཁོར་ལ་སོ་དྲུག བདེ་མཆོག་ལཱུ་ཧི་པ་དང་། མི་ཏྲ་ནས་བརྒྱུད་པའི་བདེ་མཆོག་གཉིས་ཀྱི་བརྒྱུད་འདེབས་ལ་བཞི། དྲིལ་བུ་ལྷ་ལྔའི་དབང་གི་བརྒྱུད་འདེབས་ལ་ལྔ། དྲིལ་བུ་ལྷ་ལྔའི་སྒྲུབ་ཐབས་བདེ་ཆེན་དབང་གི་རྒྱལ་པོ་ལ་བཞི། བདེ་མཆོག་གི་ཚོགས་མཆོད་བྱ་ཚུལ་བདེ་ཆེན་སྙིང་པོ་རབ་རྒྱས་ལ་བཅུ་བདུན་བཅས་ཁྱོན་བསྡོམས་སུམ་བརྒྱ་དང་དོན་བདུན། ༼ ག་པར ༽རྗེས་གནང་སྔོན་འགྲོའི་ཆོས་བཤད་བྱ་ཚུལ་གཞན་ཕན་རབ་སྟེར་ལ་བཅུ་དྲུག རྗེ་ཙོང་ཁ་པ་དང་། པཎ་ཆེན་སྐུ་ཕྲེང་སྔ་ཕྱི། ཁྲི་ཆེན་ངག་དབང་མཆོག་ལྡན། ལྕང་སྐྱ་མཆོག་སྤྲུལ་རོལ་པའི་རྡོ་རྗེ་སོགས་ཀྱི་གསོལ་འདེབས། པོ་ཏ་ལའི་ཇོ་བོ་ལོ་ཀི་ཤྭ་རའི་སྐུ་མདུན་དུ་བསྟོད་པ་ཕན་བདེའི་ཆར་འབེབས་སོགས་སངས་རྒྱས་བྱང་སེམས་ཀྱི་བསྟོད་ཚོགས། བརྟན་བཞུགས་ཀྱི་རིམ་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་དགེ་ལེགས་ཉིན་མོར་བྱེད་པའི་སྣང་བ་ལ་བརྒྱ་དང་གྱ་བརྒྱད། དཔལ་དུས་ཀྱི་འཁོར་ལོའི་བླ་བརྒྱུད་གསོལ་འདེབས་ལ་གསུམ། དཔལ་དུས་ཀྱི་འཁོར་ལོའི་དབང་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོ་དང་བཅས་པའི་དབང་ཆོག་དོན་གཉིས་མཆོག་སྦྱིན་ལ་ཞེ་བཞི། (འདི་ན་དུས་འཁོར་བསྐྱེད་རྫོགས་གནད་དོན་མང་པོ་གསལ་བ་ཡོད་ཅེས་ཀློང་རྡོལ་བླ་མ་གསུང) དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་སྒྲུབ་ཐབས་མཁས་གྲུབ་ཞལ་ལུང་ལ་དོན་གསུམ། དཔལ་དུས་ཀྱི་འཁོར་ལོའི་ཐུགས་དཀྱིལ་རྐྱང་པའི་སྒྲུབ་ཐབས་དངོས་གྲུབ་བུམ་བཟང་ལ་ལྔ་བཅུ་ང་བཞི། དཔལ་དུས་ཀྱི་འཁོར་ལོའི་ཚོགས་མཆོད་བྱ་ཚུལ་བདེ་ཆེན་རབ་རྒྱས་ལ་བཅུ་བཅས་ཁྱོན་སུམ་བརྒྱ་དང་གྱ་བརྒྱད། ༼ ང་པར ༽བློ་སྦྱོང་དང་འབྲེལ་བའི་ཞལ་གདམས། ཉམས་མགུར་ཕྱོགས་གཅིག་སྡོམ་པ་དོན་ལྡན་ཚངས་པའི་སྒྲ་དབྱངས་ལ་ལྔ་བཅུ་ང་གཅིག ཁྲི་རྒྱ་ནག་པ་བློ་གྲོས་རྒྱ་མཚོའི་སྐུ་སྐྱེ་བློ་བཟང་བསྟན་པའི་ཉི་མའི་རྣམ་ཐར་ལ་ཞེ་བཞི། མི་ཏྲ་ནང་གི་རྡོར་སེམས་ལྷ་བཅུ་བདུན་གྱི་དབང་གི་བརྒྱུད་འདེབས་ལ་བཞི། རྡོར་སེམས་ལྷ་བཅུ་བདུན་མའི་སྒྲུབ་ཐབས་རབ་དཀར་བདུད་རྩིའི་ཆུ་རྒྱུན་ལ་བཅུ་གསུམ། དེ་ཡི་དཀྱིལ་ཆོག་ཀུན་གསལ་ནོར་བུའི་ཕྲེང་བ་ལ་སོ་བརྒྱད། (འདི་ལེགས་པར་གཟིགས་ན་མི་ཏྲ་བརྒྱ་རྩའི་དབང་བསྐུར་ཚུལ་ཤེས་ཞེས་ཟེར) ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ལ་བཅུ་གསུམ། སྒྲོལ་དཀར་སྒྲུབ་ཐབས་དང་ཚེ་སྒྲུབ། ཚེ་དཔག་མེད་ལ་བརྟེན་པའི་བླ་མ་དང་སྦྱིན་བདག་སོགས་ལ་བརྟན་བཞུགས་འབུལ་ཚུལ་སོས་ཡི་དམ་སྒྲུབ་སྐོར་ཕྱོགས་གཅིག་ཏུ་བཀོད་པ་ཕན་བདེའི་འདོད་དགུ་སྟེར་བ་ཡོངས་འདུའི་འཁྲི་ཤིང་ལ་དྲུག་ཅུ་རེ་བརྒྱད། སྤྱན་རས་གཟིགས་ཁ་སར་པཱ་ཎིའི་སྒྲུབ་ཐབས་དང་། རྗེས་གནང་བྱ་ཚུལ་དང་། ལས་ཚོགས་ཀྱི་རིམ་པ་གཞན་ཕན་ཀུནྟ་འཛུམ་པའི་ཟླ་འོད་ལ་ཉེར་དགུ གསང་བདག་དྲགས་པོ་གསུམ་དྲིལ་ལ་ལྔ། འཇམ་དབྱངས་ཨ་ར་པཱ་ཙ་དཀར་པོ་ལྷ་ལྔའི་དབང་གི་བརྒྱུད་འདེབས་ལ་བཞི། འཇམ་དཀར་ལྷ་ལྔའི་སྒྲུབ་ཐབས་ཤེས་རབ་མཆོག་སྦྱིན་ལ་བཅུ་དྲུག འཇམ་དཀར་ལྷ་ལྔའི་དཀྱིལ་ཆོག་འཇམ་དབྱངས་དགྱེས་པའི་ཞལ་སྟོན་ལ་སོ་དྲུག མཐུ་སྟོབས་ཐོགས་པ་མེད་པའི་དམ་ཅན་སྲུང་མ། ཡུལ་ལྷ་གཞི་བདག་ལ་མཆོད་གཏོར་འབུལ་ཚུལ་ཕྱོགས་གཅིག་ཏུ་བཀོད་པ་འཕྲིན་ལས་རྣམ་བཞིའི་འདོད་འཇོ་ལ་བརྒྱ་དང་སོ་བདུན། དམར་ཟོར་མའི་མངའ་གསོལ་ལ་གསུམ་བཅས་ཁྱོན་བཞི་བརྒྱ་དང་བཅུ་བདུན། ༼ ཅ་པར ༽ཕྱག་རྡོར་འཁོར་ཆེན་གྱི་སྦྱིན་སྲེག་ལ་བཅུ་གཅིག བཅུ་གཅིག་ཞལ་དཔལ་མོ་ལུགས་ཀྱི་དབང་གི་བརྒྱུད་འདེབས་ལ་གསུམ། བཅུ་གཅིག་ཞལ་གྱི་རས་བྲིས་ལ་བརྟེན་པའི་དབང་ཆོག་བདེ་ལེགས་ཀུན་འབྱུང་ལ་ཉེར་ལྔ། བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་ཕན་བདེའི་སྣང་བ་གསར་དུ་ངོམས་པ་ལ་ཉེར་གཉིས། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་འགྲེལ་པ་རྣམ་བཤད་ནོར་བུའི་གཏེར་མཛོད་ལ་ཉེར་བརྒྱད། འཇམ་དབྱངས་བསྟོད་པ་བསྟོད་སྤྲིན་རྒྱ་མཚོའི་འགྲེལ་པ་ཀུན་གསལ་ཤེས་རབ་འདོད་འཇོ་ལ་ང་གཅིག འཕགས་པ་འདའ་ཀ་ཡེ་ཤེས་ཀྱི་མདོ་འགྲེལ་ཀུན་མཁྱེན་སྣང་བ་ཉི་མ་ལ་སོ་གསུམ། སྐུ་སྐྱེ་མྱུར་བྱོན། བརྟན་བཞུགས། སྨོན་ལམ། ཤིས་བརྗོད་རྣམས་ཕྱོགས་གཅིག་ཏུ་བསྡོམས་པ་ནོར་བུ་དབང་གི་རྒྱལ་པོའི་དོ་ཤལ་ལ་གྱ་གསུམ། རྒྱ་ཧོར་བོད་སོགས་མཆོག་དམན་བར་གསུམ་ལ་གནང་བའི་ཆབ་ཤོག ལྕང་སྐྱ་རིན་པོ་ཆེ་སོགས་ཀྱི་དྲིས་ལན་བཅས་ལ་དོན་དགུ། དྭགས་པོ་དགེ་བཤེས་བློ་བཟང་སྦྱིན་པའི་འཇིགས་བྱེད་དབང་ཆོག་མཆན་ལ་སོ་བདུན། བསང་མཆོད་ལྷ་གསོལ་གྱི་རིམ་པ་ལ་བཅུ་བདུན་བཅས་ཁྱོན་སུམ་བརྒྱ་དང་གོ་བཞི། གསུང་བཀའ་རྒྱ་མ་སྐོར་ལ་ཉིན་ཞག་གཅིག་གི་དྲུག་ཅུ་པ་བསྔོ་ཚུལ་གནམ་ལྕགས་ཐོག་ཆེན་དྲག་འབེབས། མགོན་པོ་ཕྱག་དྲུག་པ་སྙིང་ཞུགས་ཀྱི་ཁྲིད་སྐྱོང་ཚུལ་དངོས་གྲུབ་ཀུན་འབྱུང་གཉིས་ལ་བཅོ་བརྒྱད་བཅས་ཁྱོན་སུམ་བརྒྱ་དང་གོ་བཞི། ༼ ཆ་པར ༽སྐུ་གསུང་ཐུགས་རྟེན་བཞེངས་པའི་དཀར་ཆག་འདོད་གསོལ་རྒྱབ་ཡིག་སོགས་ཕྱོགས་གཅིག་ཏུ་བཀོད་པ་ལ་སུམ་བརྒྱ་དང་ཉེར་བཞི། སྐོར་ཚད་བྱང་ཆེན་བགྲོད་པའི་ཤིང་རྟ་ལ་ཞེ་གཉིས་བཅས་ཁྱོན་སུམ་བརྒྱ་དང་རེ་དྲུག ༼ ཇ་པར ༽ཆོས་སྡེ་ཆེ་ཆུང་གི་བཅའ་ཡིག་སྤྲིངས་ཡིག་སོགས་ཕྱོགས་གཅིག་ཏུ་བཀོད་པ་ལ་བརྒྱ་དང་ཞེ་བརྒྱད། བླ་མ་ཡི་དམ་ལ་ན་བཟའ། མཆོད་རྫས། སྙན་ཤལ་ཕུལ་བའི་འདོད་གསོལ་ཞལ་ཡིག ཐམ་ཕུད་སོགས་ཕྱོགས་གཅིག་ཏུ་བཀོད་པ་ཚོགས་གཉིས་གསེར་གྱི་སྙེ་མ་ལ་ཉིས་བརྒྱ་དང་སུམ་ཅུ་བཅས་ཁྱོན་སུམ་བརྒྱ་དང་དོན་བརྒྱད་དོ། །