9572

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བ་འདས་དང་མ་བྱོན་ཞེས་སོགས
Tibetan Definition (དབུ་མ) རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུར་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཕ་རོལ་ཕྱིན་འདི་བྱང་ཆུབ་མཆོག་ལ་ཞུགས་རྣམས་ཀྱི། །གསལ་དང་སྒྲོན་དང་སྣང་དང་སྟོན་མཆོག་ཡིན་ཞེས་བཤད། །ཅེས་པའི་ཚིགས་བཅད་འདི་མདོ་སྡུད་པ་༡༣བ༢ན་གསལ་ལོ། །རྗེའི་ལམ་རིམ་ལས་རྒྱལ་བའི་ཡུམ་ལས། ཞེས་པ་ཙམ་ལས་གསལ་ཁ་མི་འབྱུང་ཡང་། རྗེའི་ལེགས་བཤད་གསེར་ཕྲེང་དུ་སྡུད་པའི་ཚིག་ཡིན་པར་གསལ་བར་གསུངས་ཡོད་དོ། །