9587

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ
Tibetan Definition (འདུལ་བ) ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཉན་ཡོད་ཀྱི་གྲོང་ཁྱེར་དང་ཐག་ཉེ་རིང་འཚམ་པའི་གནས་སུ་སྟོན་པ་དང་དེའི་འཁོར་ཉན་ཐོས་དང་བཅས་པ་རྣམས་བཞུགས་ཡུལ་གྱི་ཆེད་དུ་བརྩིགས་པའི་གཙུག་ལག་ཁང་དང་སྐྱེད་མོས་ཚལ་ཧ་ཅང་མཛེས་སྡུག་དང་ལྡན་ལ་སྐད་གྲགས་ཆེ་བ་ཞིག་གི་མིང་། མཉན་ཡོད་དུ་ཡོད་པའི་བྷར་མའི་དྷརྨ་སཱ་ལ་དང་ཉེ་བ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཛེ་ཏ་བ་ན་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་ཤུལ་ཡོད་ཅིང༌། འདིའི་ལོ་རྒྱུས་གོང་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཞེས་པའི་ཐད་དུ་གཟིགས།