9590

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྦུག་ཐམ་རྩ་ཚིག་དོན་ཚན་ལྔ་པ
Tibetan Definition ཕྱི་ལོ་༡༨༩༥།༩།༢༦ཉིན་བོད་ལྗོངས་ཡོངས་ཁྱབ་ལ་བླང་དོར་བྱེད་སྒོའི་སྦུག་ཐམ་རྩ་ཚིག་དོན་ཚན་ལྔ་པ་ཞིག་སྩལ་བའི་སྙིང་དོན། དོན་ཚན་དང་པོར། ར་ས་གཙོས་མཐའ་འདུལ་ཡང་འདུལ། རུ་གནོན་གྱི་གཙུག་ལག་ཁང་སོགས་ལ་མཆོད་རྒྱུན་རྣམས་མི་ཉམས་གོང་འཕེལ་དང་། གཙུག་ལག་ཁང་ཉམས་གསོ་གཅེས་སྤྲས་དགོས་སྐོར། དོན་ཚན་གཉིས་པ། རིས་མེད་དགེ་འདུན་གྱི་སྡེ་རྣམས་ཀྱི་འཆད་ཉན་དང་། འདུལ་ཁྲིམས་སྐོར་དང་། མི་སྡེ་རྣམས་ནས་དུས་ཆེན་ཁག་ལ་རྣམ་དཀར་བྱེད་དགོས་དང་། ཕ་མ་རྒན་འཁོགས་བུ་ཚས་ཕྱིད་འབུད་དང་ཟས་གོས་ཕོངས་སུ་འཇུག་པ། ནང་མི་དང་། གཡོག་རིགས་ཞ་ལོང་། རྒས་འཁོགས་ཕྱིར་འབུད་བྱས་པ། རྟ་ཁལ་སོགས་ལ་ཁལ་ཚད་ལ་བརྒལ་བའི་དོ་པོ་ལྗིད་འགེལ་བྱེད་པ་སོགས་མི་ཆོག་པའི་སྐོར། དོན་ཚན་གསུམ་པ། ཕྱི་ནང་གི་ཞི་དྲག་གི་གཞུང་ཞབས་རྣམས་ཀྱི་བྱེད་སྒོའི་སྐོར། ལམ་ཐོགས་རྫོང་གི་རྟ་ཁལ་མི་གསུམ་གཏོང་ཕྱོགས་ལ་བྱམས་ཡང་གང་ཆེས་རྒྱས་བསྡུས་སྩལ་བ་དང་། ཟླ་དྲུག་སོང་ཁྲར་ཞིབ་འཇུག་བྱེད་དགོས་སྐོར། དོན་ཚན་ལྔ་པ། ས་སྟོང་བདེ་མེད་ལ་གསར་སྦོལ་དང་། སྐྱེ་ཞིང་གསར་འཛུགས་སོགས་དཔལ་འབྱོར་གོང་འཕེལ་འབྱུང་ཐམས་ཀྱི་སྐོར་སོགས་ཡོད་པ་རེད། ཅེས་ཞྭ་སྒབ་པའི་རྒྱལ་རབས་སྨད་ཆ་ (༧༡) ན་གསལ།