9594

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་མཚན་རྩེ་མོའི་དཔུང་རྒྱན
Tibetan Definition ཡི་དམ་གྱི་ལྷ་ཞིག འདིའི་སྒྲུབ་ཐབས། བསྟན་འགྱུར་རྒྱུད་འགྲེལ་༼ མུ ༽༢༡༩ན༣ལས། རྒྱ་གར་སྐད་དུ། དྷཱ་ཛཱ་ཨ་གྲ་ཀེ་ཡཱུ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ་ཕྱག་འཚལ་ལོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སྐུ་མདོག་ནག་མོ། །ཞལ་གསུམ་པ། ཕྱག་བཞི་པ། དམར་པོ་དང་ལྗང་ཁུ་ནི་གཡས་དང་གཡོན་གྱི་ཞལ་ལོ། །ཕྱག་གཡས་པ་གཉིས་ན་རལ་གྲི་དང་། ཞགས་པའོ། །རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་། འཁོར་ལོ་དག་ཕྱག་གཡོན་པ་དག་ན་བསྣམས་པའོ། །སྐུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞལ་མཆེ་བ་གཙིགས་ཤིང་ལྟོ་འཕྱང་ཉི་མའི་གདན་ལ་ཞབས་གཡོན་བརྐྱང་གིས་བཞུགས་པ། འོད་ཟེར་དང་ལྡན་པའོ། །གོས་སེར་པོའི་ཤ་འགག་ཅན། ས་བོན་ནི་ཧཱུྃ་ཡིག་གོ། མི་བསྐྱོད་པས་དབུ་བརྒྱན་པ་ཅན་ནོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་རྫོགས་སོ། །ཞེས་སོགས་ལྟར་རོ། །