9597

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་ཚབ་དར་མ་རིན་ཆེན་གྱི་གསུང་འབུམ་དཀར་ཆག
Tibetan Definition <ཀ་པར> གནས་རྙིང་པ་རིན་ཆེན་རྒྱལ་མཚན་གྱིས་བསྐུལ་བ་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་ཐར་ལམ་གསལ་བྱེད། འདི་ལ་སྔ་རྩོམ་ཞིག་ཡོད་པར་བཤད། ལྷ་དབང་བློ་ཡི་རྗེས་སུ་འབྲང་བའི་རྣམ་འགྲེལ་ས་བཅད་ཆེན་མོ། ཕྱོགས་སྒྲ་འཇུག་ཚུལ་ཉུང་ངུ་། <ཁ་པར> འབྲོང་རྩེ་ལྷ་བཙུན་གྱིས་བསྐུལ་བ་རིན་ཆེན་གཏེར་མཛོད། འདི་ཡི་སྔ་རྩོམ་གནས་རྙིང་མཁན་པོས་ཞུས་པ་རྒྱས་པ་ཞིག་ཡོད་པར་བཤད། ཚད་མའི་ལམ་བསྒྲིགས་ (འདི་ལྕང་སྐྱ་རོལ་པའི་རྡོ་རྗེས་བཤད་ལུང་གནང་ཞེས་ཀློང་རྡོལ་བླ་མ་གསུང) <ག་པར> སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་ལས་བཏུས་པའམ་ཚད་མ་མདོ་ཞེས་གྲགས་པའི་ཊཱིཀྐ་མཐར་འཛིན་གདུང་སེལ། ས་པཎ་གྱིས་མཛད་པའི་ཚད་མ་རིགས་གཏེར་དང་། འབྲེལ་པ་བརྟག་པའི་རྣམ་བཤད། རྩ་བ་ཤེས་རབ་ཀྱི་སྦྱོར་ཊཱིཀ་ངག་འདོན་ཡིད་ཀྱི་མགུལ་རྒྱན། དབུ་མ་འཇུག་པའི་སྦྱོར་ཊཱིཀ། <ང་པར> རྗེ་ཙོང་ཁ་པ་ཆེན་པོས་ར་སྒྲེང་རྒྱལ་བའི་དབེན་གནས་སུ་ཕར་ཕྱིན་གྱི་གསུང་བཤད་རྒྱས་པ་གནང་ཚེ་དར་མ་རིན་ཆེན་ལ་བཀའ་གནང་ནས་རྩོམ་པར་མཛད་པ་ཕར་ཕྱིན་ཊཱིཀྐ་རྣམ་བཤད་སྙིང་པོའི་རྒྱན། ཕར་ཕྱིན་ལམ་གྱི་རིམ་པར་བསྒྲིགས་པའི་ཐེག་ཆེན་སྒོ་འབྱེད། བཀའ་བཞི་པ་སངས་རྒྱས་འཕེལ་གྱིས་བསྐུལ་བ་ཕར་ཕྱིན་དོན་བདུན་ཅུ་རིན་ཆེན་ཕྲེང་བ། རྗེ་བློ་གྲོས་བརྟན་པས་བསྐུལ་བ་མངོན་པ་གོང་མ་ཀུན་ལས་བཏུས་པའི་ཊཱིཀྐ་ཆོས་མངོན་རྒྱ་མཚོ། མངའ་རིས་ཆོས་རྒྱལ་གདུང་བརྒྱུད་ཀྱིས་བསྐུལ་བ་དབུ་མ་རིན་ཆེན་འཕྲེང་བའམ་གཏམ་བྱ་རིན་ཆེན་འཕྲེང་བའི་ཊཱིཀྐ་སྙིང་པོའི་དོན་གསལ། དབུ་མ་རང་རྒྱུད་པའི་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་དབུ་མ་བདེན་གཉིས་ཀྱི་ཊཱིཀྐ། དབུ་མ་བཞི་བརྒྱ་པའི་ཊཱིཀྐ་ལེགས་བཤད་སྙིང་པོ། <ཅ་པར>གུང་རུ་རྒྱལ་མཚན་བཟང་པོས་བསྐུལ་བ་རྒྱུད་བླ་མའི་ཊཱིཀྐ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཊཱིཀྐ་རྒྱལ་སྲས་འཇུག་ངོགས། རྒྱལ་ཚབ་རྗེའི་ཤེས་རབ་ལེའུའི་ཟིན་བྲིས་རྗེའི་གསུང་འབུམ་དུ་བཞུགས། དབུ་མ་རིགས་པ་དྲུག་ཅུ་པའི་ཊཱིཀྐ་སྨྲ་བ་ངན་པ་རྣམ་པར་འཐག་པ། ལྟུང་བཤགས་ཊཱིཀྐ། གསང་འདུས་བླ་བརྒྱུད་སོགས་གསོལ་འདེབས་མདོ་རྒྱུད་མ། རྗེ་ཙོང་ཁ་པའི་གསང་འདུས་འཇམ་རྡོར་སྒྲུབ་ཐབས་འཇམ་དབྱངས་དགོངས་གསལ་ལ་མཁོ་བ་འཇམ་རྡོར་དཀྱིལ་ཆོག འཇམ་རྡོར་སྒྲུབ་ཐབས་རྒྱུད་གཞུང་ཀུན་བཟང་གི་རྣམ་བཤད་བསྡུས་པ། དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་དྲུག་དང་རིམ་པ་དང་པོའི་རྣམ་བཤད་བདེ་ཆེན་མྱུར་འཇུག དབུ་མའི་ལྟ་ཁྲིད་ཉུང་ངུ་། དགེ་སློང་གི་བསླབ་བྱ་གནམ་རྩེ་ལྡིང་མ་དང་། དགེ་ཚུལ་གྱི་བསླབ་བྱ་གནམ་རྩེ་ལྡིང་མ། ཚད་མའི་བརྗེད་བྱང་ཆེན་མོ། མངོན་སུམ་ལེའུའི་བརྗེད་བྱང་། དབུ་མ་རྒྱན་གྱི་བརྗེད་བྱང་སོགས་རྗེ་ཡི་གསུང་ཟིན་བྲིས་རྣམས་རྗེའི་གསུང་འབུམ་གྱི་ཁྲོད་དུ་བཞུགས་སོ། །