9598

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་རབས་གསལ་བའི་མེ་ལོང
Tibetan Definition ས་སྐྱ་པ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། རྒྱལ་རབས་འདི་བསམ་ཡས་གཙུག་ལག་ཁང་དུ་བརྩམས་ཤིང་། ལོ་རྒྱུས་ཀྱི་ཡིག་ཆ་གྲགས་ཅན་ཞིག་ཏུ་ངོས་འཛིན་བྱེད། རྒྱལ་རབས་འདི་རྩོམ་པ་པོ་ནི་སྤྱི་ལོ་༡༣༡༢ལོར་ཞ་ལུ་ཁང་གསར་དུ་སྐུ་འཁྲུངས། བུ་སྟོན་ཐམས་ཅད་མཁྱེན་པ། རྒྱལ་སྲས་ཐོགས་མེད་བཟང་པོ། དཔང་ལོ་བློ་གྲོས་བརྟན་པ་སོགས་བླ་མ་མང་པོ་བསྟེན་ནས་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་སྤེལ་བར་མཛད། བརྩམས་ཆོས་ཀྱང་། ཚད་མ། ཕར་ཕྱིན། དབུ་མ། གསང་སྔགས། རིག་གནས་དང་། ཆོས་འབྱུང་གི་སྐོར་བཅས་ཡོད་དོ། །