9604

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་སྲས་སྐུ་མཆེད་གསུམ
Tibetan Definition འབྲོམ་གྱི་སློབ་མ་སྐུ་མཆེད་གསུམ་ནི། པོ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་བ་ཚུལ་ཁྲིམས་འབར། ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་དང་གསུམ་མོ། །དེ་གསུམ་ལ་སྐུ་མཆེད་ཅེས་པ་ནི། རྒྱལ་པོ་དད་པ་བརྟན་པོའི་སྲས་སུ་འཁྲུངས་པའི་ཚེ་སྐུ་མཆེད་ཡིན་པ་དང་། ད་ལྟ་འབྲོམ་གྱི་སློབ་མ་ཡིན་པས་ཆོས་ཀྱི་སྐུ་མཆེད་ལ་དགོངས་པ་ཡིན་ཞེས་མཁས་པ་རྣམས་གསུང་བ་ལྟར་རོ། །ཇི་སྐད་དུ། ལོང་མེད་ཐུགས་ལ་འཁྲུངས་པའི་པོ་ཏོ་བ། །བདག་པས་གཞན་གཅེས་སྒོམ་པའི་སྤྱན་སྔ་བ། །སྒྲུབ་པ་སྙིང་པོར་མཛད་པའི་ཕུ་ཆུང་བ། །རྒྱལ་སྲས་སྐུ་མཆེད་གསུམ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རོ། །