9605

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱལ་སྲིད
Tibetan Definition 1 རྒྱལ་པོའི་ཡུལ་འབངས་ཀྱི་མིང་། འདུལ་བ་གཞིི་རྒྱ་ཆེར་འགྲེལ་པ་ལས། རྒྱལ་སྲིད་ཅེས་བྱ་བ་ནི། རྗེ་དཔོན་དང་། བློན་པོ། ཡུལ་འཁོར། རྫོང་། མཛོད། དཔུང་། མཛའ་བཤེས་དག་ཡན་ལག་བདུན་དང་ལྡན་པ་ནི་རྒྱལ་སྲིད་ཡིན་ཏེ། དེ་ལྟར་ཡང་། རྗེ་དཔོན་བློན་པོ་ཡུལ་འཁོར་རྫོང་། །མཛོད་དང་དཔུང་དང་མཛའ་བཤེས་ཀྱི། །ཡན་ལག་བདུན་ལྡན་རྒྱལ་སྲིད་དེ། །སེམས་ཅན་བློ་ལ་བརྟེན་པ་ཡིན། །ཞེས་གསུངས་པ་ལྟར་རོ། །