961

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདོང་བཞི་པ
Tibetan Definition ཚངས་པའི་མིང་། ལྷ་ཚངས་པ་ལ་གདོང་བཞི་པ་ཟེར་བའི་རྒྱུ་མཚན་ནི། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༥༧བ༧ལས། གདོང་བཞི་ནི་ཚངས་པས་ཐིག་ལེ་མཆོག་མ་ཞེས་པའི་བུ་མོ་ཞིག་སྤྲུལ་པས་དེ་ལ་རང་ཉིད་ཆགས་ཏེ། བུ་མོ་དེ་གཡས་གཡོན་ལ་སོགས་པའི་ཕྱོགས་བཞིར་སོང་བ་ལ་བལྟས་པས་གདོང་པ་བཞི་བྱུང་ངོ་། །སྟེང་གི་ཕྱོགས་སུ་སོང་བ་ལ་བལྟས་པས་སྟེང་གི་གདོང་པ་དང་ལྔ་བྱུང་སྟེ། དབང་ཕྱུག་གིས་ནམ་མཁའ་ནས་མཐོང་ནས་དེར་ངོ་ཚ་བའི་ཆད་ལས་ལ་སྟེང་གི་གདོང་པ་བཅད་དོ། །དེ་ནས་གདོང་བཞིར་གྲགས་ཏེ། འདི་ལ་གདོང་བཞི་ཡོད་པས་སོ། །ཞེས་བཤད་དོ། །