From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རྒྱས་བཏབ་པ
|
| Tibetan Definition
|
(འདས་པ) 1 དམ་ཕྲུག་བརྒྱབ་པ། 2 བཙན་དུ་བཏང་། བརྟན་པར་བྱས་པ། དགེ་རྩ་རྣམས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་བཏབ་ཅེས་པ་ལྟ་བུ། བསྔོ་བ་དང་སྨོན་ལམ་གྱིས་རྒྱས་བཏབ་པའི་དགེ་རྩ་ནི་ཁོང་ཁྲོ་སོགས་ཀྱིས་བཅོམ་མི་ནུས་པས་བརྟན་པའམ་བཙན་པར་བྱས་པའི་དོན་ནོ། ། 3 ཡིད་བྱེད་བསྡམས་པ། མི་འདའ་བར་བྱས་པ། དཔེར་ན་ཡུལ་ལ་ལོངས་སྤྱོད་པའི་ཚེ་བདེ་སྟོང་གིས་རྒྱས་བཏབ་སྟེ། དེ་དང་མི་མཐུན་པའི་ཡིད་བྱེད་བསྡམས་ཏེ་གནས་ན་ཡུལ་སྣང་ཀུན་བདེ་བར་འཆར་ཞིང་། ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ་བ་ལྟར་རོ། ། 4 ཐ་མི་དད་པའི་དོན། བསྟན་དར་ལྷ་རམས་པས། རྒྱ་ཡིས་བཏབ་པ་ནི་རིགས་ཀྱི་བདག་པོ་དང་ངོ་བོ་གཅིག་ཏུ་སོང་བའི་དོན་ནོ། །ཞེས་གསུངས་སོ། །
|