9626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་འབྲས་མན་ངག་བདུན
Tibetan Definition མར་ཤེས། དྲིན་དྲན། དྲིན་གཟོ། ཡིད་འོང་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག བྱང་ཆུབ་ཀྱི་སེམས་ཏེ་བདུན་ནོ། །དེ་ཡང་མར་ཤེས་ནས་ལྷག་བསམ་གྱི་བར་དྲུག་ནི་རྒྱུ་དང་། བྱང་ཆུབ་ཀྱི་སེམས་ནི་འབྲས་བུའོ། །རྒྱུ་འབྲས་མན་ངག་བདུན་མ་ནི། སློབ་དཔོན་ཟླ་བ་གྲགས་པ་དང་། ཙནྡྲ་གོ་མི། ཀཱ་མ་ལ་ཤཱི་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སོགས་ཀྱི་ལུགས་ཡིན་ཞིང་། འདི་དབང་པོ་རྟུལ་པོའི་སེམས་བསྐྱེད་ཚུལ་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་ནི་དབང་རྣོན་གྱི་སེམས་བསྐྱེད་ཚུལ་ཡིན་པར་གསུང་ངོ་། །