9627

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུ་འབྲས་རྡོ་རྗེ་འཛིན་པ
Tibetan Definition 1 མངོན་བྱང་དང་པོ་བཞི་རྒྱུ་རྡོ་རྗེ་འཛིན་པ། ལྔ་པ་འབྲས་བུ་རྡོ་རྗེ་འཛིན་པར་འཇོག་པ་ཡིན་ཏེ། མན་སྙེ་ལས། འདིར་རྒྱུའི་ཡེ་ཤེས་བཞིའི་རང་བཞིན་ཉིད་ལ་ཡང་བདེ་བ་ཆེན་པོ་མོས་པ་ཡོད་པ་ཁོ་ན་སྟེ། དེ་ཉིད་ཀྱི་ཕྱིར་རྒྱུ་རྡོ་རྗེ་འཛིན་པར་བརྗོད་པར་བྱའོ། །ཞེས་སོགས་དང་། སྔགས་རིམ་ཆེན་མོ་ལས། ཞུ་བ་གླུས་བསྐུལ་མེད་ན་མངོན་བྱང་དང་པོ་བཞི་རྒྱུ་རྡོ་རྗེ་འཛིན་པ་དང་། ལྔ་པ་འབྲས་བུ་རྡོ་རྗེ་འཛིན་པ་དང་། ཞེས་སོགས་གསུངས་པའི་ཕྱིར་རོ། །ཞིབ་པར་མངོན་བྱང་ལྔ་ལ་གཟིགས།