From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| རྒྱུ་རྐྱེན
|
| Tibetan Definition
|
1 རྒྱུའི་གཙོ་བོ་ལ་རྒྱུ་དང་། རྒྱུ་ཕལ་པ་ལ་རྐྱེན་ཟེར། ཡང་ན། ཉེར་ལེན་གྱི་རྒྱུ་ལ་རྒྱུ་དང་། ལྷན་ཅིག་བྱེད་རྐྱེན་ལ་རྐྱེན་ཟེར། ཡང་ན། འབྲས་བུའི་ངོ་བོ་སྐྱེད་བྱེད་ལ་རྒྱུ་དང་། འབྲས་བུའི་ཁྱད་པར་སྐྱེད་བྱེད་ལ་རྐྱེན་ཞེས་བྱ། ཡང་ན། རྒྱུན་བརྟན་པར་འབྱུང་བའི་རྒྱུ་ལ་རྒྱུ་དང་། གློ་བུར་རམ་འཕྲལ་དུ་འབྱུང་བའི་རྒྱུ་ལ་རྐྱེན་ཞེས་བྱའོ། །དཔེར་ན་ས་བོན་ནི་རྒྱུ་དང་། ཆུ་ལུད་ནི་རྐྱེན་ཡིན་པ་ལྟ་བུའོ། །ཞེས་མདོ་སྡེ་པ་ཡན་ཆད་འདོད་དོ། །གོང་གི་རྒྱུ་རྐྱེན་གྱི་འགྲེལ་བཤད་གསུམ་ག་ཡང་ཚིག་རིས་ཙམ་ལས་དོན་ལ་ཁྱད་པར་མེད་དོ། །
|