From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
| གདོང་ཡིག
|
| Tibetan Definition
|
1 གླེགས་བམ་གྱི་སྣེ་མོའི་གྲངས་ཡིག་གི་གོང་འོག་གང་རུང་དུ་དཔེ་ཆའི་མིང་བྲིས་པ་ལ་ཟེར། ཞེས་བསྟན་དར་ལྷ་རམས་པ་དང་ཀློང་རྡོལ་བླ་མའི་གསུང་ངོ༌། །འདི་ལ་སྤྱན་ཁྱེར་ཡང་ཟེར། རྒྱ་རིམ་པ་བདུན་གྱི་ནང་ཚན་གྱི་གདོང་ཡིག་ཅེས་པ་གདོང་འཛར་ལ་མི་གོ་བར་དཔེ་ཆའི་སྣེ་མོའི་ཨང་ཡིག་བྲིས་པ་དེའི་གོང་འོག་གང་རུང་དུ་བྲིས་པའི་ཁ་ཡིག་ལ་གོ་དགོས། དཔེར་ན་སྔགས་རིམ་ཆེན་མོའི་དཔེ་ཆའི་ཤོག་ལྡེབས་ཀྱི་སྣེ་མོར།༼སྔགས་རིམ་ཆེན་མོ གཅིག༽ཅེས་བྲིས་པའི་སྔགས་རིམ་ཆེན་མོཞེས་དཔེ་ཆའི་མཚན་བྱང་བྲིས་པ་དེ་ལ་ཟེར་རོ། །རྒྱ་རིམ་པ་བདུན་གྱི་ཡ་གྱལ་ཞིག་སྟེ། གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་ཁྱེར་གྱི་རྒྱའོ། །
|