9648

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་བླ་མ་ནས་བཤད་པའི་རྡོ་རྗེའི་གནས་བདུན
Tibetan Definition ༡ སངས་རྒྱས། ༢ ཆོས། ༣ དགེ་འདུན། ༤ ཁམས། ༥ བྱང་ཆུབ། ༦ ཡོན་ཏན། ༧ འཕྲིན་ལས་དང་བདུན་ནོ། །དེ་དག་རེ་རེ་ལ་དོན་དམ་དང་ཀུན་རྫོབ་ཀྱི་ཆ་གཉིས་རེ་ཡོད་པ་ནི། ༡ དོན་དམ་པའི་སངས་རྒྱས། (གཞན་རྒྱུད་ཀྱི་ཆོས་སྐུ) ཀུན་རྫོབ་པའི་སངས་རྒྱས། (གཞན་རྒྱུད་ཀྱི་གཟུགས་སྐུ) ༢ དོན་དམ་པའི་ཆོས། (འགོག་ལམ) ཀུན་རྫོབ་པའི་ཆོས། (དེ་བརྗོད་བྱར་བྱེད་པའི་གསུང་རབ) ༣ དོན་དམ་པའི་དགེ་འདུན། (རིག་གྲོལ་གྱི་ཡོན་ཏན) ཀུན་རྫོབ་པའི་དགེ་འདུན། (འཕགས་པའི་གང་ཟག) ༤ དོན་དམ་པའི་ཁམས། (རང་བཞིན་གནས་རིག) ཀུན་རྫོབ་པའི་ཁམས། (འཇིག་རྟེན་ལས་འདས་པའི་ཆོས་སྐྱེ་རུང་གི་ནུས་པ) ༥ དོན་དམ་པའི་བྱང་ཆུབ། (རང་རྒྱུད་ཀྱི་ཆོས་སྐུ) ཀུན་རྫོབ་པའི་བྱང་ཆུབ། (རང་རྒྱུད་ཀྱི་གཟུགས་སྐུ) ༦ ཡོན་ཏན་དོན་དམ། (སྟོབས་སོགས་བྲལ་བའི་ཡོན་ཏན་སུམ་ཅུ་རྩ་གཉིས) ཀུན་རྫོབ་པའི་ཡོན་ཏན། (རྣམ་སྨིན་གྱི་ཡོན་ཏན་སུམ་ཅུ་རྩ་གཉིས) ༧ འཕྲིན་ལས་དོན་དམ། (བྱ་གྲུབ་ཡེ་ཤེས) ཀུན་རྫོབ་པའི་འཕྲིན་ལས། (དེ་བརྗོད་བྱར་བྱེད་པའི་གསུང་རབ) སྒྲ་བཤད་ནི། གོང་དུ་བཤད་པའི་དོན་རྣམ་པ་བདུན་ནི་རྟོགས་དཀའ་བའི་ཕྱིར་རྡོ་རྗེ་དང་། ཤེས་པར་བྱ་བ་ཡིན་པའི་ཕྱིར་གནས་ཏེ། རྟོགས་དཀའ་བའི་གནས་བདུན་ཞེས་བྱའོ། །