9656

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་སྡེ་དྲུག
Tibetan Definition 2 བྱ་བའི་རྒྱུད། (ཕྱིའི་བྱ་བ་གཙོ་བོར་བྱས་པ་ལ་བྱ་རྒྱུད་དང) རྩ་བའི་རྒྱུད། (ཕྱིའི་བྱ་བ་གཙོ་བོར་མི་བྱེད་པའི་བྱ་རྒྱུད་ལ་རྩ་བའི་རྒྱུད་དུ་བཞག) སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མ། (ཕ་རྒྱུད) རྣལ་འབྱོར་བླ་མེད། (མ་རྒྱུད) འདི་ཚུལ་གསུམ་སྒྲོན་མེ་ལས་གསུངས་པར་བཤད། དོགས་གཅོད། རྗེ་ཡབ་སྲས་ཀྱི་གཞུང་དུ་རྒྱུད་སྡེ་བཞི་མ་གཏོགས་ལྔ་དྲུག་བདུན་སོགས་ཀྱི་རྣམ་གཞག་གསུངས་པ་མ་མཐོང་ལ་། གང་ལྟར་རྒྱུད་སྡེ་ལྔ་དང་དྲུག་དང་བདུན་ཞེས་འབྱུང་བ་ནི་དབྱེ་བསྡུ་ཙམ་ལས་རྒྱུད་སྡེ་བཞིར་མ་བསྡུས་པའི་རྒྱུད་སྡེ་ཟུར་པ་ཞིག་ནི་མེད་དོ། །