9657

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུད་སྡེ་བདུན
Tibetan Definition བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྟོག་པའི་རྒྱུད། (རི་ལུ་མིག་སྨན་སོགས་སྒྲུབ་པའི་ཆོ་ག་ཞིབ་མོ་རྣམས་ཤས་ཆེར་སྟོན་པའི་རྟོག་པ་ཀུན་ལས་བཏུས་པ་སོགས་ལ་བཞེད) གཉིས་ཀའི་རྒྱུད། (སྤྱོད་རྒྱུད་མན་དང་རྣལ་འབྱོར་རྒྱུད་གཉིས་ཀའི་ཆ་ཤས་དང་ལྡན་པ་སྒྱུ་འཕྲུལ་དྲ་བ་དང་པདྨ་གར་དབང་སོགས་ལ་གཉིས་ཀའི་རྒྱུད་དུ་བཞག) རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད། (རྣལ་འབྱོར་ཆེན་པོའི་རྒྱུད་ནི་ཕ་རྒྱུད) རྣལ་འབྱོར་བླ་ན་མེད་པའི་རྒྱུད་ (རྣལ་འབྱོར་བླ་ན་མེད་པའི་རྒྱུད་ནི་མ་རྒྱུད) དང་བདུན་ནོ། །འདི་ཇོ་བོ་རྗེའི་ལམ་སྒྲོན་འགྲེལ་པར་གསུངས། དོགས་གཅོད། རྗེ་ཡབ་སྲས་ཀྱི་གཞུང་དུ་རྒྱུད་སྡེ་བཞི་མ་གཏོགས་ལྔ་དྲུག་བདུན་སོགས་ཀྱི་རྣམ་གཞག་གསུངས་པ་མ་མཐོང་ལ་། གང་ལྟར་རྒྱུད་སྡེ་ལྔ་དང་དྲུག་དང་བདུན་ཞེས་འབྱུང་བ་ནི་དབྱེ་བསྡུ་ཙམ་ལས་རྒྱུད་སྡེ་བཞིར་མ་བསྡུས་པའི་རྒྱུད་སྡེ་ཟུར་པ་ཞིག་ནི་མེད་དོ། །