9671
Jump to navigation
Jump to search
རྒྱུའི་ཀུན་སློང | |
Tibetan Definition | བྱ་བ་གང་ཞིག་ལ་དང་པོར་འཇུག་པར་བྱེད་པའི་ཀུན་སློང་ལ་རྒྱུའི་ཀུན་སློང་ཟེར། འདུལ་བ་ལྟར་ན། རྒྱུའི་ཀུན་སློང་ལ། སྡོམ་པ་ལེན་འདོད་ཀྱི་བསམ་པ། སྡོམ་པ་འཐོབ་པར་ཤེས་པ། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་ལྡན་པ་སྟེ་གསུམ་གསུངས་སོ། །དེ་ཡང་སྡོམ་པ་སྐྱེ་བའི་སྔ་རོལ་ཏུ་སྡོམ་པ་ལེན་འདོད་ཀྱི་བསམ་པ་དང་། སྡོམ་པ་སྐྱེ་བ་དང་དུས་མཉམ་དུ་བདག་གིས་སྡོམ་པ་འཐོབ་བོ་སྙམ་པའི་བསམ་པ། ངེས་འབྱུང་གི་བསམ་པ་བརྟན་པོ་དང་གསུམ་མོ། ། |
---|