9673

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྒྱུའི་ཐེག་པ
Tibetan Definition མདོ་སྔགས་གཉིས་སུ་ཕྱེ་བའི་མདོ་ཡི་ཐེག་པའི་མིང་། ཕར་ཕྱིན་ཐེག་པ་ཡང་ཟེར། སྒྲ་བཤད་ནི། འབྲས་བུ་སངས་རྒྱས་ཀྱི་གནས་ལུས་ལོངས་སྤྱོད་མཛད་པ་ཡོངས་སུ་དག་པ་བཞི་པོ་དེ་དག་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་མི་སྒོམ་པར་དེ་དག་གི་རྒྱུ་ཙམ་སྒོམ་པའི་ལམ་ཡིན་པས་དེ་སྐད་ཅེས་བྱའོ། །རྗེའི་སྔགས་རིམ་ཆེན་མོ་དང་མཐའ་གཅོད་མྱུ་གུ་སོགས་ལ་གཞི་བྱས། ཡང་ན། བྱང་ཕྱོགས་སོ་བདུན་སོགས་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུ་ལམ་དུ་བྱེད་པས་དེ་སྐད་ཅེས་བརྗོད་དོ། །