9685

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྔན་ཅན
Tibetan Definition བརྙས་བཅོས། མཐོང་ཆུང་། སྐྱོན་བརྗོད། ངན་སྨྲས། གཞན་ཡང་། ནང་དུ་བཞད་གད་བྱེད་པ་ལའང་ཟེར་ཏེ། བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། རྔན་ཆེན་ནི་ནང་དུ་བཞད་གད་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །བརྒྱད་སྟོང་པ་ལས་ཀྱང་། གཞན་དག་ལ་བརྙས་པར་བྱེད་རྔན་ཅན་བྱེད་སྟིང་བར་བྱེད་སྨོད་པར་བྱེད་པར་འགྱུར་ཏེ། ཞེས་གསུངས། དཔེ་ཆོས་རིན་ཆེན་སྤུངས་པ་ལས་ཀྱང་། ཇོ་བོ་རྗེ་ལས་ཡོན་ཏན་ཆེ་བ་མེད་ཀྱང་ཐ་ན་ཁྱི་ཚུན་ཆད་ལ་རྔན་ཅན་མི་མཛད་པ་ཡིན་གསུང་། ཞེས་པ་ལྟ་བུའོ། །དངན་ཅན་ཞེས་ཀྱང་བྲིས་སྣང་ངོ་། །