From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྔོད
|
Tibetan Definition
|
2 འདྲིད་པའམ་སླུ་བར་བྱེད་པའི་དོན། (རྔོད) (བརྔོད) (བརྔོད) (རྔོད་ཅིག) ལུང་རྣམ་འབྱེད་༼ ཅ ༽༢༩ན༣ལས། དེའི་ཚེ་དགེ་སློང་ཞིག་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན་འདུག་གོ། དེ་ནས་དགེ་སློང་དེས་དགོན་པའི་སྤྲ་མོ་ཞིག་ཟས་ཀྱིས་བརྔོད་བརྔོད་ནས་དེ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ཏོ། །ཞེས་གསུངས་པ་ལྟ་བུ། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། སླུ་བར་བྱེད་པ་ཞེས་བྱ་བ་ནི་རྔོད་པར་བྱེད་པ་ཡིན་ཏེ། རྣམ་པ་གཞན་དུ་སྟོན་པའི་ཕྱིར་རོ། །ཞེས་གསུངས།
|