972

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གདོན་བགེགས
Tibetan Definition ཕན་གནོད་གཉིས་ཀ་བྱེད་པས་གདོན་དང༌། གནོད་པ་འབའ་ཞིག་བྱེད་པས་བགེགས་ཞེས་བྱ་ཞིང༌། དབང་བསྐུར་སོགས་ཀྱི་ཚེ་བགེགས་གཏོར་ངེས་པར་སྔོན་དུ་འགྲོ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ་ཞེས་བླ་མ་རྣམས་གསུང་ངོ༌། །འཕྲལ་དུ་གནོད་པ་བྱེད་པས་ན་བགེགས་ཞེས་བྱའོ། ། གཏོར་མའི་འགྲེལ་པ་ཞེས་བྱ་བ། སྡེ་དགེ་བསྟན་འགྱུར་རྒྱུད་འགྲེལ་༼ཚུ་པ༽༢༠༧བ༦ལས། ཚེ་རབས་གྲངས་མེད་པའི་བགེགས་དང་ཞེས་བྱ་བ་ནི། བགེགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་གྱི་དུས་ནས་བར་དུ་གཅོད་པའི་ཕྱིར་བགེགས་ཞེས་བྱའོ། །སྤྱོད་ལམ་མ་ལེགས་པ་ལས་གྱུར་པའམ་ཕྲ་མོ་ཀླན་ཀ་ཚོལ་བ་སྟེ་འཕྲལ་དུ་གནོད་པ་བྱེད་པའོ། །ཞེས་གསུངས་སོ། །